མི་གང་ཞིག་མཚན་མོའི་དུས་སུ་གཉིད་མ་ལོག་པ་ནི་རྩུབ་ཅིང་རླུང་བསྐྱེད་པའི་ཕྱིར་ཅི་བདེ་བར་གཉིད་ལོག་པར་བྱའོ། །
གལ་ཏེ་མཚན་མོ་གཉིད་མ་ལོག་པ་དེའི་ཚེ་ནང་པར་ཟས་མ་ཟོས་པར་སྨྱུང་བར་བྱས་ལ། གཉིད་མ་ལོག་པ་དེའི་ཡུན་གྱི་ཕྱེད་ཙམ་དུ་གཉིད་ལོག་པར་བྱའོ་ཞེས་པ་དེ་ལྟ་བུ་ནི་ཀུན་ལ་སྤྱིར་བཏང་བ་ཡིན་ལ། དམིགས་བསལ་དུ་ཆང་གིས་ར་རོ་བ་དང་སྟོབས་ཟད་པ་དང༌། མྱ་ངན་གྱིས་ནོན་པ་དང༌། རྩོལ་བས་དུབ་པ་དང༌། སྨྲ་བ་ཤིན་ཏུ་མང་བ་དང༌། རྒས་པ་དང་འཇིགས་ཤིང་སྐྲག་པའི་མི་རྣམས་ལ་ནི་ནམ་ཟླ་སོ་གའི་ཚེ་རྩུབ་ཅིང་ཡང་བའི་དུས་དང༌། མཚན་མོ་ཐུང་བ་ཡིན་པས་ན་ལུས་ཀྱི་སྟོབས་དང་གཟི་མདངས་འཕྲོག་ཅིང་རླུང་འཕེལ་བར་འགྱུར་བའི་ཕྱིར་ཉིན་པར་གཉིད་ཅུང་ཟད་རེ་ལོག་ན་སྣུམ་ཞིང་ལྕི་བར་འགྱུར་བས་ཕན་ཏེ་རླུང་འཇོམས་ཤིང་སྟོབས་འཕེལ་བར་བྱེད་པས་དེ་ལྟར་ཤེས་པར་བྱའོ། །

རྩོམ་འཕྲོ་ཀློགས།


སྤྱིར་བཏང་དུ་མི་ཞིག་འཚར་ལོངས་ཀྱི་བརྒྱུད་རིམ་ཨང་དང་པོ་ནི་ཁྱིམ་གྱི་སློབ་གསོར་འབྲེལ་ཡོད་པས། དེ་བཞིན་དུ་བྱིས་པའི་ཕ་མ་དང་དགེ་རྒན། སྤྱི་ཚོགས་ཀྱི་ལས་སྒོ་སོ་སོའི་ཟ་ཟུར་རེ་རེ་ནས་ཀྱང་འབྱུང་འགྱུར་གྱི་མི་རབས་གསར་བ་བདེ་ཐང་ངང་འཚར་ལོངས་ཡོང་མིན་ལརྒྱབ་སྐྱོར་དང་།རོགས་འདེགས། གོ་སྐོན་སློབ་གསོའི་བྱ་འགུལ་རབས་དང་རིམ་པ་སྤེལ་དང་སྤེལ་བཞིན་ཡོད། དཔེར་ན།ཚགས་པར་དང་རླུང་འཕྲིན། རླུང་འཕྲིན་གྱི་དྲ་བ། བརྙན་འཕྲིན།དྲ་རྒྱའི་གནས་ཚུལ་བཅས་ནས་ཀྱང་ཕར་བ་གྲུ་འདེགས་ཀྱི་ཚུལ་དུ་སྒོ་ཀུན་ནས་སློབ་གསོ་བཏང་དང་གཏོང་བཞིན་ཡོད།ཉིད་ཀྱི་བསམ་པར་འདི་དག་ལས་ཀྱང་གདུང་འདེགས་ཀྱི་ཀ་བ་ལྟ་བུའི་སློབ་གསོ་ནི་ཁྱིམ་གྱི་སློབ་གསོ་ཨང་དང་པོ་ཡིན་པར་བསམས་ཏེ་གཤམ་དུ་འདིའི་སྐོར་ནས་ཅུང་ཟད་གླེང་བར་བྱའོ།།

རྩོམ་འཕྲོ་ཀློགས།


ལོ་སར་ཚེས་གཅིག་མ་གཏོགས་ཟས་མི་ཟ། དྲུག་པོའི་ཀླུ་རོལ་མ་གཏོགས་གོས་མི་གོན་ཞེས་པའི་བཤད་སྲོལ་ལྟར། ལོ་སར་གྱི་དུས་ཆེན་སྐབས་སུ་ཁྱིམ་ཚང་རེ་རེས་ཤ་མར་ཐུད་གསུམ་གྱི་རི་རབ་བརྩིགས་ཤིང་། ཇ་ཆང་འོ་མའི་རྒྱ་མཚོ་བསྐྱིལ་ནས་བཟའ་བཏུང་ལོངས་སྤྱོད་ལ་ཅི་དགར་རོལ་བཞིན་ཡོད། འོན་ཀྱང་ལུས་ཕུང་བདེ་ཐང་གི་ངོས་ནས་བཤད་ན། འདི་ལྟར་སྣུམ་ཟས་སྣུམ་ཆུའི་རིགས་བསྟེན་དྲགས་ན་སྙིང་ནད་དང་གཟའ་གྲིབ། མཁྲིས་པའི་གཉན་ཚད་དང་གཤེར་མའི་གཉན་ཚད་སོགས་སློང་སྲིད་ཅིང་། བཟའ་བཏུང་གི་གཙང་སྦྲར་དོ་སྣང་མ་བྱས་པ་ལས་ཕོ་བའི་གཉན་ཚད་དང་རྒྱུ་མའི་གཉན་ཚད་སོགས་འབྱུང་སྲིད་པས། ཚང་མས་ཟས་ཞིམ་པོ་ཉུང་བཟའ་ཉུང་འཐུང་བྱེད་དགོས་པ་དང་། ལོ་ལོན་རྒན་པ་རྣམས་ཀྱིས་ལྷག་པར་དུ་ཕྱོགས་དེར་གཟབ་གཟབ་བྱེད་དགོས། ད་དུང་སྨན་གཞུང་དུ་བཤད་པ་ལྟར་ཕོ་བའི་ཆ་གཅིག་ཟས་དང་ཆ་གཅིག་ཆུ། ཆ་གཅིག་རླུང་གི་གནས་ཏེ་སྟོང་བར་འཇོག་དགོས་ཟེར་བ་ལྟར། ཟས་ཞིམ་པོ་གང་ཞིག་ཡིན་རུང་འགྲངས་ཐག་ཆོད་པ་ཞིག་མི་འཐུང་བར་ཉུང་ཟ་ཉུང་འཐུང་བྱེད་རྒྱུ་གལ་ཆེ།

རྩོམ་འཕྲོ་ཀློགས།


ལོ་སར་གྱི་སྐབས་ནི་ཁྱིམ་མི་ལྷན་འཛོམས་དང་སྤྲོ་སྐྱིད་ལྷོད་གཡེང་གི་དུས་སྐབས་ཆེས་བཟང་པོ་ཞིག་ཡིན། ཕ་མ་བུ་ཕྲུག་དང་ལྷན་དུ་ཁ་བརྡ་བྱེད་པ་དང་། སློབ་གྲོགས་མང་པོ་མཉམ་འཛོམས་བྱེད་པ། གླུ་གར་རྩེད་འཇོར་རོལ་ནས་མཚན་བསྐྱལ་བ་སོགས་གང་དགའ་གང་སྐྱིད་བྱེད་བཞིན་ཡོད། ད་དུང་ས་ཆ་ལ་ལ་ན་གནམ་གང་གི་དགོང་མོར་མཚན་བསྐྱལ་ནས་མི་གཉིད་པའི་སྲོལ་ཡང་ཡོད་པ་རེད། འོན་ཀྱང་གཉིད་ཆག་ན་ལུས་ཕུང་དང་ངོ་གདོང་གི་སྐྱི་པགས་ལ་ཤིན་ཏུ་གནོད་པས་གཉིད་ཀྱིས་འདང་དགོས་པ་ནི་གལ་ཆེན་པོ་ཞིག་ཡིན། དེ་བས་གཤམ་དུ་ལོ་སར་སྐབས་སུ་གཉིད་ཆག་ན་ཇི་ལྟར་བདེ་སྲུང་བྱེད་དགོས་པའི་སྐོར་ངོ་སྤྲོད་ཅིག་བྱེད།

རྩོམ་འཕྲོ་ཀློགས།


12553078_951795628240803_8180090304870879216_nསྡེ་བརྒྱད།
ཨ་མཆོག་རྩྭ་ཐང་ཡངས་པའི་གདན་སྟེང་ནས།།
ལང་ཚོའི་མེ་ཏོག་བཞད་པའི་མོ་མཚན་ཅན།།
མི་ཞིག་ཆེད་དུ་རྒྱང་ལ་བཞུད་སོང་བས།།
ཚེ་རིང་སྐྱིད་ཀྱི་ཞབས་ལ་ཕྱག་འཚལ་ལོ།།

རང་དབང་རླུང་འཕྲིན་ཁང་གི་འཆར་ངོས་ནས།།
ཕྱི་ནང་བོད་དོན་གནས་ཚུལ་ག་ཤེད་ཅིག།
ངག་གི་འགྲོས་ལ་བཅུག་སྟེ་བརྗོད་པ་ཡི།།
ཚེ་རིང་སྐྱིད་ཀྱི་མཆུ་ལ་ཕྱག་འཚལ་ལོ།།

རྩོམ་འཕྲོ་ཀློགས།


མེ་གླིང་གི་བྱེ་ཐང་ཆེ་མོ་དེ་འཛམ་གླིང་གི་བྱེ་ཐང་ཆེ་ཤོས་ཤིག་རེད།
རང་བྱུང་ཁོར་ཡིག་གི་འཇིགས་པ་རྒོད་པར་བརྟེན་དེ་ལ་འཆི་བའི་མཚོ་(死亡之海.ཟེར་ནས་འབོད་ཀྱིན་ཡོད། ལོ་ངོ་སྟོང་ཕྲག་འགའ་ཤས་སོྔན་ན་གནས་དེ་ནི་རྩྭ་ཆུ་ཕུན་སུམ་ཚོགས་པའི་གླིང་ཞིག་ཡིན་ཞིང་། སྐབས་དེ་ན་སྔན་རབས་པའི་མི་རབས་ཀྱིས་བཞེངས་པའི་སྟོབས་འབྱོར་མངའ་ཐང་ལྡན་པའི་རྒྱལ་བརྒྱུད་རིམ་བྱོན་གྱི་མངའ་ཐང་འཛད་མེད་ཡོད།

རྩོམ་འཕྲོ་ཀློགས།


 

འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up