༄༅།། ལོ་དགུ་བཅུ་ཅན་ལ་ཕྲུག་གུ་སྐྱེ་སྲིད་དམ། དེ་ནི། ལོ་༩༠ཐོག་འགྲུབ་པའི་སྨོན་ལམ།

འཇམ་དབྱངས་དཀར་པོ།
སྤྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༢ ཉིན། མར་གྷེ་རེ་ཊི་ ཨ་ལེན་(Margaret Allen) བུ་ཕྲུག་ ༡༤ ཡོད་པར་མ་ཟད། དགུ་གཉེན་སྒྲིག་བྱས་ཟིན་ཡོད་ཀྱང་མོ་ལ་ཚ་བོ་དང་ཡང་ཚ་སྐྱེ་སྤེལ་མི་བྱེད་པས། མོས་རང་ཉིད་ལ་སླར་ཡང་བྱིས་པ་ཞིག་ཡོད་ན་འདོད།

“ངས་ཏག་ཏག་ཅིག་ཤེས་མི་ཐུབ་པ་ནི་ངའི་བུ་ཕྲུག་ཚོས་ཅིའི་ཕྱིར་བྱིས་པ་སྐྱེ་སྤེལ་མི་བྱེད་པ་དེ་རེད། ཁོ་ཚོ་ངོ་ཚའི་གནས་རེད་”ཨ་ལེན་གྱིས་དྲྭ་ངོས་གསར་འགོད་པར་དེ་ལྟར་བཤད་པར་མ་ཟད། “འོན་ཀྱང་སྨན་པ་རྣམས་ཀྱིས་ངའི་ལོ་ཚོད་ཀྱི་དབང་གིས་མངལ་སྒོ་བརྡུང་ཡང་ཡ་ལན་གྱིས་མངལ་སྒོ་ཕྱེ་མཁན་ཡོད་མི་སྲིད་པར་བཤད་མོད། དེ་ནི་ཧ་ཅང་ནོར་ཡོད་དེ། ངས་དཀོན་མཆོག་ལ་ནམ་ཡང་སྨོན་ལམ་ཤུགས་དྲག་བརྒྱབ་པའི་བྱིན་མཐུ་ལས། སྨན་པ་རྣམས་ཀྱི་ཐག་བཅད་བསམ་ཚུལ་ལ་ལྡོག་ལན་བརྒྱབ་ཡོད་དེ། དཀོན་མཆོག་གིས་ང་ལ་ཚ་བོ་ཞིག་སྐྱེ་བའི་གོ་སྐབས་གནང་། ངའི་སྐད་ཆའི་དོན་ནི། ངས་རང་ཉིད་ཀྱི་མངལ་ན་ཡོད་པའི་བྱིས་པ་འདིར་ཚ་བོ་བཞིན་གཅེས་སྐྱོང་བྱེད་རྒྱུ་ཡིན་”ཟེར།

མར་གྷེ་རེ་ཊི་ ཨ་ལེན་ཞོགས་རྟག་ཆུ་ཚོད་ ༣ ནས་ཡར་ལངས་ཏེ། ཉིན་རེར་ཆུ་ཚོད་ ༡༤ རིང་དཀོན་མཆོག་ལ་མོའི་མངལ་དུ་བྱིས་པའི་ས་བོན་ཞིག་བླུག་རྒྱུའི་གསོལ་བ་སྨོན་ལམ་རྩེ་གཅིག་ཏུ་འདེབས་ཀྱི་ཡོད།

ལོ་རྒན་ ༩༠ ལ་སོན་པའི་རྨོ་མར་གྷེ་རེ་ཊི་ ཨ་ལེན་གྱིས་སྐབས་ཤིག་དཀོན་མཆོག་ལ་གསོལ་བ་བཏབ་རྗེས་དགུང་ཟས་ལ་རོལ་ནས་གཉིད་དུ་ཡུར་བར། རྨི་ལམ་ནང་ནས་གསར་བུ་ལོ་ ༢༢ ཅན་ཞིག་དང་ལུས་འབྲེལ་བྱས་པ་དང་། མོས་ཁོ་བྱིས་པ་ཞིག་གི་ཕ་ཡིན་པར་རེ་བདམས་བྱས་པར་མ་ཟད། མོས་དེ་ལྟར་ཡིན་པར་རང་གི་ཆེད་ལས་ཀྱི་བསྔོ་སྨོན་ཤུགས་དྲག་ཀྱང་བཏབ།

ལོ་ ༩༠ ཅན་གྱི་རྨོ་འདིས་ལོ་མང་སྨོན་ལམ་བརྒྱབ་པའི་འབྲས་བུར། ད་ལྟ་གཞུང་འབྲེལ་གྱིས་ལོ་མ་མངལ་ཆགས་ནས་ཟླ་བ་ ༥ སོང་ཡོད་པའི་གསལ་བསྒྲགས་སྤེལ་ཡོད།

མོས་མངལ་ན་ཡོད་པའི་བྱིས་པ་དེའི་མིང་ལ་”རྫུ་འཕྲུལ་”ཞེས་འདོགས་རྒྱུ་གཏན་འཁེལ་ཡོད་དེ། མོས་བཤད་པ་ལྟར་ན་བྱིས་པ་དེ་”རྫུ་འཕྲུལ་”གྱིས་མངལ་དུ་ཞུགས་པས་སོ་ཟེར།


ལན་སློག


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up