Dollarབརྩེ་རྡོ།

ཀྲུང་གོ་བ་ནི་སྒོར་མོ་བསོགས་པར་དགའ། ནུབ་གླིང་བ་ནི་སྒོར་མོ་སྤྱོད་པར་གོམས། ཡ་ཧུ་ད་པ་ནི་ད་གཟོད་ཁེ་སྤོགས་ལེན་པར་མཁས། ཡ་ཧུ་ད་པས་བསམ་ན། ཤེས་རབ་ལ་བརྟེན་ནས་ཁེ་སྤོགས་ལེན་པ་ནི་ད་གཟོད་དོན་དམ་གྱི་ཕྱུག་འགྱུར་ཐབས་ལམ་ཡིན་པར་འདོད། རྩོམ་ཚན་འདིའི་ཡ་ཧུ་ད་པས་གཞན་ལ་ཤེས་སུ་མི་འཇུག་པའི་ཁེ་སྤོགས་ལེན་ཐབས་ཀྱི་གསང་བ་བཅུ་ཤེས་པར་བྱེད་དོ།

འཇིག་རྟེན་ཐོག་ན་འདི་འདྲའི་མི་ཚོགས་ཤིག་ཡོད་དེ། ཁོ་ཚོ་ནི་ཆེས་སྤྱང་གྲུང་ལྡན་པ་དང་། ཆེས་ལས་ལ་བརྩོན་པ། ཆེས་དཀའ་ལས་བཟོད་ཐུབ་པ་བཅས་སོ། ཁོ་ཚོ་ནི་འཛམ་གླིང་གི་མི་གྲངས་བསྡུར་ཚད་ལས0.3%་མི་ཟིན་ཡང་། ཁོ་ཚོས་འཛམ་གླིང་དཔལ་འབྱོར་གྱི་སྲོག་རྩ་བདག་དུ་བཟུང་ཡོད་ལ། ནོ་བྷེར་བྱ་དགའི17%ཁོ་ཚོར་ཐོབ་ཡོད། མ་ཟད་འཛམ་གླིང་གི་རྒྱུ་ནོར30%ཁོ་ཚོའི་ལག་ཏུ་ཡོད་དོ། འོ་ན་ཁོ་ཚོ་ནི་སུ་རེད་དམ། ཁོ་ཚོ་ནི་ཡ་ཧུ་ད་པ་ཉིད་དོ།

ཡ་ཧུ་ད་པ་ནི་དངོས་གནས་རླབས་ཆེན་གྱི་མི་རིགས་ཤིག་ཡིན་ཏེ། ཨ་རིའི་ཆེས་ཤུགས་རྐྱེན་ཆེ་བའི་གྲགས་ཅན་མི་སྣ་ཉིས་བརྒྱའི་ཁྲོད་དུ། ཡ་ཧུ་ད་པས་ཕྱེད་ཀ་ཟིན་ཡོད། ཨ་རིའི་སྐད་གྲགས་ཅན་གྱི་སློབ་དཔོན་དག་གི་ཁྲོད་ནས། ཡ་ཧུ་ད་པས་སུམ་ཆ་གཅིག་ཟིན་ཡོད། ཨ་རིའི་ཁྲིམས་རྩོད་པ་དག་གི་ཁྲོད་ནས། ཡ་ཧུ་ད་པས་བཞི་ཆ་གཅིག་ཟིན་ཡོད། ད་དུང་རྩོམ་རིགས་དང་རོལ་དབྱངས། ཟློས་གར་སོགས་ལས་ཕུལ་བྱུང་མི་སྣའི་བརྒྱ་ཆའི་དྲུག་ཅུ་ཡ་ཧུ་ད་པས་བཟུང་ཡོད།

འཛམ་གླིང་ཐོག་ཆེས་སྒོར་མོ་ཡོད་མཁན་གྱི་ཁེ་ལས་དག་གི་ཁྲོད་ནས་ཧ་ཡུ་ད་པས་ཕྱེད་ཀ་ཟིན་ཡོད། ཨ་རིའི་སྒོར་ཁྲི་བརྒྱ་ཡོད་མཁན་གྱི་ཕྱུག་པོ་དག་ལས་ཡ་ཧུ་དའི་སུམ་ཆ་གཅིག་ཟིན་ཡོད། 《 ཧྥོའུ་པཱོ་སིས》 ཨ་རིའི་ཕྱུག་བདག་གི་མིང་རིམ་བཞི་བཅུའི་ཁྲོད། ཡ་ཧུ་ད་པའི་མི་བཅོ་བརྒྱད་ཡོད། ཨ་རིའི་རྒྱལ་ཚོགས་ཀྱི་སྤྱི་གྲོས་མི་སྣ་དག་གི་ཁྲོད་དུ། ཧ་ཡུ་ད་པ་བཅུ་ཡོད། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མི་དག་གི་ཁྲོད་དུ་ཡ་ཧུ་ད་པ་ཉེར་བདུན་ཡོད།

རྡོ་སྣུམ་རྒྱལ་པོ་རོ་ཁེ་ཧྥེ་ལེར་དང་། དངུལ་རྩའི་རྒྱལ་པོ་སོ་ལོ་སུ( 金融大鳄索罗斯)ཝལ་ཁྲོམ་གྱི་དངུལ་རྩའི་མཁས་དབང་མོའུ་ཀུན( 华尔街金融巨子摩根) མ་རྩ་བ་ཧཱ་མོ( 红色资本家哈默) ཚགས་དེབ་རྒྱལ་པོ་ཕོའུ་ལི་ཚི( 报界之王普利策) ཚང་མ་ཡ་ཧུ་ད་པ་ཡིན་ཞིང་། གསེར་གྱི་རི་བོར་ཐོག་འགྱིང་བའི་མི་དེ་དག་ནི་ཡ་ཧུ་ད་པས་བརྩམ་ཆོས་ཡིན། རྣ་ཐོས་ཅན་གྱི་མི་དེ་དག་གི་མིང་གི་ཕ་རོལ་ན། སོ་སོ་ལ་རྒྱུ་ནོར་གྱི་གཏམ་རྒྱུད་ངོ་མཚར་བ་རེ་ཡོད་དོ།།

དེའི་ཕྱིར། ཡང་དག་པའི་སྒོ་ནས་དངུལ་སྒོར་གྱི་གསང་བ་དང་རིན་ཐང་ཤེས་དགོས་པ་དང་། ཁེ་སྤོགས་ལེན་ཐབས་ཀྱི་གཏན་ཚིགས་ཤེས་དགོས་པ་སོགས་ནི་མི་སོ་སོར་དགོས་མཁོ་ཧ་ཅང་ཆེའོ།། ཡ་ཧུ་ད་པ་འཛམ་གླིང་གིས་ཁས་ལེན་པའི“འཛམ་གླིང་གི་ཚོང་བ་ཨང་དང་པོ”ཡིན་པའི་ཆ་ནས། ཁོ་ཚོ་མི་ལོ་སྟོང་ཕྲག་དུ་མར་དཀའ་སྡུག་དང་མནར་གཅོད་བརྒྱུད་མྱོང་བས། ཁེ་སྤོགས་ལེན་ཐབས་ཀྱི་ཉམས་མྱོང་དང་ཤེས་རབ་ཕུན་སུམ་ཚོགས་ཤིང་མ་ལག་དང་ལྡན་པ་ཁོང་དུ་ཆུད་ཡོད། ཀློག་པ་པོ་རེ་རེར་མཚོན་ནའང་བསམ་ཡུལ་འདས་པའི་བློ་སྐྱེད་ཐོབ་ངེས།

གཅིག བུད་མེད་ལ་ཞབས་ཞུ་བྱེད་པ།

ཡ་ཧུ་ད་པའི་ཚོང་བས་སེམས་སུ་སྒོར་མོ་ཁེ་སྤོགས་ལེན་དགོས་ཚེ། ངེས་པར་དུ་བུད་མེད་ལ་ཁ་གཏོད་དགོས། རྒྱུ་མཚན་ནི། སྐྱེས་པ་སྒོར་མོ་འཚོལ་མཁན་ཡིན་ཞིང་། བུད་མེད་སྒོར་མོ་སྤྱོད་མཁན་ཡིན་པས་སོ། སྐྱེས་པས་སྒོར་མོ་བཀོལ་བ་དང་དོ་དམ་བྱེད་པའི་ཕྱོགས་ལ་བློ་སེམས་མི་གཏོད་ཅིང་།( ཁྱིམ་ཚང་གི་ཅ་དངོས་ཉོ་སྒྲུབ) གཙོ་བོ་སྒོར་མོ་འཚོལ་ཐབས་ཕྱོགས་ལ་འབད་བརྩོན་བྱེད། སྒོར་མོ་བཀོལ་སྤྱོད་དང་དོ་དམ( ཁྱིམ་ཚང་གི་ཅ་དངོས་ཉོ་སྒྲུབ) ནི་བུད་མེད་ཀྱི་དོན་དག་ཡིན་པར་སེམས།

དོན་དངོས་འཚོ་བའི་ཁྲོད་དུའང་དེ་ལྟར་ཡིན་ཏེ། རྡོ་རྗེ་ཕ་ལམ་དང་། མུ་ཏིག གསེར་དངུལ། གྱོན་ཆས་སོགས་རྒྱན་ཆའི་རིགས་དང་། ཁྱིམ་ཚང་གི་བཟའ་བཅའ་དང་སྤྱོད་ཆའི་སོགས་མང་པོ་ཞིག་བུད་མེད་ཀྱི་ལས་ཀ་ཁོ་ན་ཡིན། དེའི་ཕྱིར། བུད་མེད་ཀྱི་ཁྲོམ་རར་མཐོང་ཆེན་གང་མཚམས་དང་། བུད་མེད་ལ་ཞབས་ཞུ་བྱེད་པ་ནི་ཚོང་གཉེར་བ་ཚོའི་རྒྱལ་ཁ་ལེན་པའི་ཐབས་ལམ་རྨད་དུ་བྱུང་བ་ཞིག་ཡིན། དཔེར་ན། ཁྱིམ་མི་གང་བོའི་དུས་ཆེན་རོལ་སྐབས་ཁྲོམ་ལ་སོང་བ་ཡིན་ན། ནམ་རྒྱུན་སྐྱེས་པ་དང་བྱིས་པ་ནི་རྩེད་མོར་གཡེང་ཞིང་། བུད་མེད་ཁོ་ནས་སུན་སྣང་དང་དཀའ་སྣང་གང་ཡང་མེད་པར་སྐྱེས་པ་དང་བྱིས་པ་གཉིས་ཀ་འདུག་ཚོད་མེད་རག་བར་དུ་ཅ་ལག་གདམ་གསེས་བྱེད་ངེས། མཐར་ཅ་ལག་དག་ལ་ཞེན་ཆགས་ཀྱི་ཕྱིར་མིག་ཀློང་ནས་ཁ་བྲལ་བ་ཡིན།

གཉིས་པ། སྒོར་མོའི་ཆེད་དུ་ས་ཆ་གང་སར་འགྲོ་བ།

སྒོར་མོའི་ཆེད་དུ་ས་ཆ་གང་སར་འགྲོ་བ་ནི་ཡ་ཧུ་ད་པའི་ཁྱད་གཤིས་ཡིན། ཁོ་ཚོས་རང་ཉིད་ས་ཆ་མང་པོར་འགྲིམ་པ་དང་། ཕྱོགས་དང་ཕྱོགས་སུ་འགྲོ་རྒྱུགས་བྱེད་པ། དངོས་ཟོག་ཡར་སྐྱེལ་མར་འདྲེན་བྱེད་པ་མ་ཟད། གཞན་ལའང་དེ་ལྟར་བྱེད་དགོས་པའི་སྐུལ་མ་བྱེད། ཡ་ཧུ་ད་པར་དུས་ཡུན་རིང་བོར་རྒྱལ་ཁབ་མེད་གཤིས། ཁོ་ཚོ་ནི་སྐྱེས་པ་ཉིད་ནས་འཛམ་གླིང་གི་སྤྱི་དམངས་ཡིན་ཞིང་། ཡ་ཧུ་ད་པའི་ཚོང་བ་ལ་གཏན་ཁེལ་གྱི་ཚོང་ར་ཞིག་མེད་གཤིས། ཁོ་ཚོ་ནི་སྐྱེས་པ་ཉིད་ནས་འཛམ་གླིང་གི་ཚོང་བ་ཡིན།

ཡ་ཧུ་ད་པས་ཡར་མར་རྣ་བས་ཉན་ཞིང་། ཤར་ལྷོ་མང་པོར་ཡུན་གྱིས་འགྲོ འབྲེལ་འཛུགས་མི་ཉུང་བ་བྱས་ཏེ། ཚོང་ལས་ཆེ་ཆུང་མང་པོ་བྱེད། ཡ་ཧུ་ད་པ་དང་མཉམ་ཏུ་ཚོང་རྒྱབ་ཚེ། སུ་ཡིན་ནའང་གྲོགས་པོ་ཡིན་ངེས། ཚོང་གཉེར་ལའང་སྒོར་མོའི་ཆེད་དུ་ས་ཆ་མང་པོར་འགྲོ་དགོས། ད་ལྟའི་འཛམ་གླིང་ཅན་གྱི་གནས་བབས་ཁྲོད་ནས། ཚོང་གཉེར་ཡང་འཛམ་གླིང་གི་ཁྲོམ་རར་བསྟུན་དགོས་ཤིང་། “ ས་ཆ་མང་པོ་ནས་ཚོང་རྒྱབ་སྟེ། ཕྱོགས་བཞི་འཚམས་བརྒྱད་ནས་སྒོར་མོ་བསྡུ་དགོས”

གསུམ། 78:22ཀྱི་ངེས་སྲོལ།

78:22ངེས་སྲོལ་ནི་རང་བྱུང་ངེས་སྲོལ་ཞིག་ཡིན། དཔེར་ན། གྱོན་ཆས་དང་། བཟའ་བཏུང་། འཛུགས་སྐྲུན། མུ་ཏིག སྨན་རྫས་སོགས22%ཡི་ལས་རིགས་ཀྱིས་རྩ་བའི་ཆ་ནས་འཚོ་བའི་འཛད་སྤྱོད་ཀྱི78%ཟིན་ཡོད། དེའི་ཕྱིར། ཡ་ཧུ་ད་པའི་སྲོལ་རྒྱུན་ཚོང་གཉེར་ཁྲོད་ན་གཙོ་བོ་ནི་བཟའ་བཏུང་དང་། གྱོན་ཆས། མུ་ཏིག འཛུགས་སྐྲུན། སྨན་རྫས་བཅས་ཀྱི་ཕྱོགས་ཡིན། ལྷག་པར་དུ་བུད་མེད་དང་བྱིས་པའི་སྤྱོད་ཆས་ཀྱིས་གཙོ་བོར་ཟིན་ཡོད།

སྐྱེས་པས་འཛམ་གླིང་གི་དངུལ་སྒོར78%བསོགས་བཞིན་ཡོད་ལ། བུད་མེད་ཀྱིས་འཛམ་གླིང་གི་དངུལ་སྒོར78%འཛད་སྤྱོད་བྱེད་བཞིན་ཡོད། 78:22ཀྱི་ངེས་སྲོལ་ནི་ཚོང་གཉེར་ཁྲོད་རྒྱུན་གནས་ཤིག་ཡིན། དཔེར་ན། 22%ཡི་སྐུ་མགྲོན་གྱིས་ཁེ་ལས་ཀྱི78%ཡི་ཁེ་སྤོགས་བསྐྲུན་བཞིན་ཡོད། 22%ཀྱི་ཐོན་རྫས་ནི་ཁེ་ལས་ཀྱི་ཐོན་རྫས་གཙོ་བོ་ཡིན་པ་སོགས། དེའི་ཕྱིར། ཚོང་གཉེར་བྱ་འགུལ་ཁྲོད་དུ། སྐུ་མགྲོན་གྱི་ཚོང་གཉེར་བྱེད་ཐབས་ལག་བསྟར་བྱེད་དགོས་པ་དང་། སྐུ་མགྲོན་རིན་ཐང( 客户价值)དམིགས་སུ་བཟུང་ནས། ཐོན་རྫས་དང་སྐུ་མགྲོན་གྱི་གཙོ་གནད་ཤེས་པར་བྱས་ཏེ། ཚོང་གཉེར་གྱི་ཕན་ཕྱོད( 效率)དང་ཕན་ཡོན་མཐོར་འདེགས་གཏོང་དགོས།

བཞི། ཁ་ལ་ཞབས་ཞུ་བྱེད་པ།

ཡ་ཧུ་ད་པའི་སེམས་སུ་ཚོང་རྒྱག་པའི་གོ་རིམ་གྱི་ཁྲོད་དུ། མི་དག་གི་ཁ་ལ་དམིགས་གཏད་ནས་ཚོང་རྒྱག་དགོས་པར་འདོད། “ཁ་ཡི་ཚོང་རྒྱག་པ”ནི་གཉིས་ཕན་གྱི་ཚོང་ཞིག་ཏུ་འདོད་དེ། ཆུང་ས་ནས་བཤད་ན། ཡ་ཧུ་ད་པས་ཚོད་མ་བཙོང་ས་དང་ཉ་བཙོང་ས། ཆང་ཁང་། སྣ་འདུས་ཚོང་ཁང་། འབྲས་བཙོང་ས། སིལ་ཟས་བཙོང་ས་དང་སིལ་ཏོག་བཙོང་ས་སོགས་གཙོ་གཉེར་བྱེད་ཅིང་། ཆེ་ས་ནས་བཤད་ན། ཡ་ཧུ་ད་པས་ཟ་ཁང་ཆེན་མོ་དང་ཆང་ཁང་། མཚན་མོའི་སྤྲོ་ཁང་སོགས་གཙོ་གཉེར་བྱེད།

ཡ་ཧུ་ད་པའི་འདུ་ཤེས་ཀྱི་ཁྲོད་དུ། ཁ་ལ་དམིགས་གཏད་ནས་ཚོང་རྒྱབ་ན་དུག་ཚོང་ཡིན་ཡང་སྒོར་མོ་ཁེ་སྤོགས་ལེན་ཐུབ་པར་འདོད། ཚོང་གཉེར་ལའང་ཁ་ལ་ཞབས་ཞུ་དགོས་མཁོ་ཡོད་དེ། རྒྱུ་མཚན་ནི་“ཟ་བ”ནི་མིའི་རིགས་ཀྱི་རྩ་བའི་དགོས་མཁོ་ཞིག་ཡིན་ལ། འཛད་སྤྱོད་ཆུ་ཚད་ཡར་འཕེལ་བ་དང་ལྷན་དུ་འཛད་སྤྱོད་པའི་ཟ་བའི་ཟས་རིགས་ཀྱང་འཕེལ་ཞིང་རྒྱས་མུས་ཡོད། འཛད་སྤྱོད་པའི་དགའ་མོས་མི་བྱེད་པའི་རིགས་སུ་སྟོང་ཆ་ཡོད་པ་ཡིན་པས། འཛད་སྤྱོད་པའི་རྩ་བའི་དགོས་མཁོ་སྐོང་ཐུབ་པའི་ཐོན་རྫས་ཀྱིས་ད་གཟོད་ཕོན་ཆེ་བའི་འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་ཞིག་བཟོ་ཐུབ་ངེས།

ལྔ། ཀླད་ཤུགས་བཀོལ་ནས་སྒོར་མོ་ཁེ་སྤོགས་ལེན་པ།

སྒོར་མོ་ཁེ་སྤོགས་ལེན་ཐུབ་པའི་ཤེས་རབ་ནི་ད་གཟོད་ཤེས་རབ་དངོས་ཡིན།”ཡ་ཧུ་ད་པའི་སེམས་སུ་སྒོར་མོ་ཁེ་སྤོགས་ལེན་པ་ནི་གནས་ལུགས་གཤའ་མ་ཞིག་ཏུ་འདོད་ལ། དེ་ནི་ཆེས་རྒྱུན་ལྡན་ཅན་གྱི་གནད་དོན་ཞིག་ཏུ་འཁུམ་བཞིན་ཡོད། གལ་ཏེ་སྒོར་མོ་ཁེ་སྤོགས་ལེན་ས་ནས་མ་བླངས་ན། དེ་ནི་སྒོར་མོ་ལས་ནོར་འཁྲུལ་ཚབ་ཆེན་བཟོས་པ་ཡིན་པས། དཀོན་མཆོག་གིས་ཁྲིམས་ཆད་གཅོད་པར་འདོད། ཡ་ཧུ་ད་པའི་ཚོང་བས་སྒོར་མོ་ཁེ་སྤོགས་ལེན་ཐབས་སུ་ཤེས་རབ་དང་བསམ་བློ་བཀོལ་ནས་ལེན་དགོས་ཤིང་། རྒྱུ་མཚན་ནི་ཤེས་རབ་ཀྱིས་སྒོར་མོ་དངོས་མ( རང་ལ་དབང་ཐག་ཆོད་དམ་གཡོ་དང་སྒྱུ་མ་ཡིན་པ) ཁེ་སྤོགས་ལེན་ཐུབ། ཡང་གཅིག་བཤད་ན། སྒོར་མོ་ཁེ་བཟང་ལེན་པའི་ཤེས་རབ་ནི་ད་གཟོད་ཤེས་རབ་དངོས་སུ་འདོད།

དེ་ལྟར་བྱས་ན། དངུལ་སྒོར་ནི་ཤེས་རབ་ཀྱི་ཚད་འཇལ་བྱེད་དུ་འགྱུར་འགྲོ ཤེས་རབ་དེ་དངུལ་སྒོར་ཁྲོད་འཁོར་བསྐྱོད་བྱེད་ཐུབ་པ་དེ་ད་གཟོད་ཤེས་རབ་གསོན་པོ་དང་། དངུལ་སྒོར་དེ་ཤེས་རབ་ཁྲོད་འཁོར་བསྐྱོད་བྱེད་ཐུབ་པ་དེ་ད་གཟོད་དངུལ་སྒོར་གསོན་པོར་ཡིན་པས། ཤེས་རབ་གསོན་པོ་དང་དངུལ་སྒོར་གསོན་པོ་དབྱེ་འབྱེད་བྱེད་ཧ་ཅང་དཀའ།

ཚོང་གཉེར་ཡིན་ནའང་ཀླད་ཤུགས་བཀོལ་ནས་འདང་རྒྱགས་དགོས་ཤིང་། འཛད་སྤྱོད་པའི་འཛད་སྤྱོད་བྱེད་ཕྱོགས་དབྱེ་ཞིབ་བྱེད་དགོས་ཏེ། དཔེར་ན། འཛད་སྤྱོད་པའི་སྔར་ཉོས་མཁོ་འདོད་དང་། འཛད་སྤྱོད་པའི་རེ་འདོད་ལྷད་མེད། འཛད་སྤྱོད་པའི་བདག་དབང་རྒྱུན་སྲིང་། འཛད་སྤྱོད་པའི་མཚར་སྣང་དང་འཇིགས་དངངས། བློ་སེམས་མི་བདེ་བ་སོགས་སོ། ད་རུང་འཛད་སྤྱོད་པའི་བསམ་བློའི་དགོས་མཁོ་ལ་དོ་སྣང་དང་། འབྲེལ་ཡོད་ཚོང་གཉེར་གྱི་ཁེ་ཕན་ལ་དོ་སྣང་། དཔེར་ན། ཤུགས་རྐྱེན་མཁན་དང་ཐབས་ཇུས་མཁན། བཀོལ་སྤྱོད་མཁན་སོགས་སོ།།

གཞན་འཛད་སྤྱོད་པའི་རིན་ཐང་གཏན་ཁེལ་བྱེད་པ་དང་། འཛད་སྤྱོད་པའི་རང་རྩིས་ལ་རྩིས་ཆེན་བྱེད་པ། འཛད་སྤྱོད་པའི་གསར་གཏོད་རྣམ་པར་བསེད་གྲོལ་བྱེད་པ་སོགས། མདོར་ན་མུ་མཐུད་དུ་གསར་གཏོད་བྱེད་དགོས་ལ། ཐོན་རྫས་དང་རིན་གོང་། ཚོང་ལམ་དང་ཡང་ན་སྐུལ་འཚོང་སོགས་གང་ལའང་གསར་གཏོད་ནི་དགོས་ངེས་ཤིག་ཡིན། དཔེར་ན། ཚོང་རའི་གོ་སྐབས་གསར་རྟོགས་སམ་ཚོང་རའི་དགོས་མཁོ་གསར་འཛུགས་བྱེད་པ་དང་སྣེ་ཁྲིད་བྱེད་པ། ཚོང་ལམ་གཅིག་གྱུར་རམ་མཐུས་ཚང་། ཐབས་ཇུས་ཆ་ཚང་འཚོལ་སྙེག་སོགས་ཡིན་ནོ།

དྲུག་པ། བསྲི་ཚགས་ལས་ཡོང་སྒོ་འཕར་སྣོན་དེ་བས་གལ་ཆེ་བ།

རྒྱུ་ནོར་ནི་ཁེ་སྤོགས་ལས་ཐོན་ཞིང་། དེ་ནི་བསྲི་ཚགས་ལ་བརྟེན་ནས་འཕེལ་རྒྱས་སུ་ཕྱིན་པ་ཞིག་མིན། ཁེ་སྤོགས་ལ་རྟེན་པ་ནི་ཡ་ཧུ་ད་པའི་ཚོང་བའི་འགྱུར་མེད་རྟག་བརྟན་གྱི་སེམས་གཤིས་ཡིན། ཚོང་གཉེར་བྱ་འགུལ་ཁྲོད་ནས་ཕྱིར་ཐོན་མང་དགོས་ན་གཏོང་དངུལ་ཕོན་ཆེན་ཡིན་དགོས། དེའི་རྩ་བ་ནི་ཡོང་སྒོ་འཕར་སྣོན་གྱི་ཆེད་ཡིན།

དཔེར་ན། སྔར་ཡོད་ཚོང་མགྲོན་དག་གི་རྨང་གཞིའི་ཐོག་ཚོང་མགྲོན་མང་པོ་ཚུར་འགུགས་ཀྱི་བྱེད་སྒོ་སྤེལ་དགོས། ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་པའི་ཁྱབ་བསྒྲགས་བརྒྱུད་ནས། འཆར་འགོད་བྱ་བས“ཚོང་རྟགས་ཤེས་རྟོགས་ཀྱི་ཚད”དང“སྣང་བརྙན་གྱི་ཚད”མཐོར་འདེགས་གཏོང་དགོས་པ་སོགས། མ་ཟད་བསྲི་ཚགས་ཀྱང་བྱེད་དགོས་ཏེ། ཚོང་གཉེར་བྱེད་སྒོའི་བརྒྱུད་རིམ་ཁྲོད། ཕན་ཕྱོད(效率)དང་ཕན་ཡོན( 效益)གཉིས་ཀར་ནན་ཏན་བྱས་ཏེ། ཕྱོགས་གཅིག་ནས་ཆུད་ཟོས་སུ་འགྲོ་བ་ཚོད་འཛིན་དང་། ཕྱོགས་གཞན་ཞིག་ནས“ ཚོང་གཉེར་སྐྱེས་ཁམས་ཀྱི་མ་ལག”དང“ ཚོང་གཉེར་ལུགས་མཐུན”འཛུགས་བསྐྱེད་བྱེད་དགོས།

བདུན། དུས་ཚོད་དམ་འཛིན་གསེར་ལས་རིན་ཆེ་བ།

ཡ་ཧུ་ད་པའི་ཚོང་ལས་ལེགས་བཤད་ཁྲོད། “ དུས་ཚོད་འཕྲོ་བརླག་བྱེད་པར་མི་རུང་ངོ་། ”ཞེས་པ་ཞིག་ཡོད། ལེགས་བཤད་འདི་ནི་ཡ་ཧུ་ད་པའི་ཚོང་ལས་ལེགས་བཤད་ཅིག་ཡིན་མོད། དེ་ལས་ཀྱང་ཡ་ཧུ་ད་པའི་ཚོང་ལས་ལས་རིགས་ཁྲོད་ནས་བརྩི་བཀུར་གྱི་ཚིག་ཅིག་ཀྱང་ཡིན། “ དུས་ཚོད་འཕྲོ་བརླག་བྱེད་པར་མི་རུང་ངོ་། ” ཞེས་པ་ནི། ཡ་ཧུ་ད་པ་ཚོར་གཞན་གྱི་དུས་ཚོད་སྐར་ཆ་དང་སྐར་མ་རེ་རེའང་དམ་མཛིན་བྱེད་དགོས་པར་གདམ་པའོ།

ཡ་ཧུ་ད་པས་དུས་ཚོད་ནི་འཚོ་བ་དང་། དུས་ཚོད་ནི་ཚེ་སྲོག་ཡིན་པར་ལྟ། མ་ཟད་དུས་ཚོད་ནི་དངུལ་སྒོར་ཡང་ཡིན་པར་འདོད། ཁོ་ཚོས“ དུས་ཚོད་ནི་དངུལ་སྒོར་ཡིན་པར”ཡིད་ཆེས་བྱེད་ངེས། ཡ་ཧུ་ད་པས་དུས་ཚོད་ལ་མཐོང་ཆེན་གནང་ཞིང་། དེའི་ནང་དོན་གཞན་ཞིག་ནི་སྐར་ཆ་དང་སྐར་མ་རེ་རེ་དམ་འཛིན་བྱས་ན་ཚོང་ལམ་དེ་ཉིད་སྔར་ལས་སྔོན་དུ་ཐོན་ཐུབ་པར་སེམས།

ད་ལྟའི་འགྲན་རྩོད་ནི་ཉིན་རེ་ལས་ཉིན་རེ་ཛ་དྲག་ཆེ་བས། “ ཉ་མགྱོགས་པོས་ཉ་དལ་མོ་ཟ་བ”ལྟར། ཚོང་གཉེར་བྱ་འགུལ་ལའང་མྱུར་མགྱོག་གི་མཇུག་འབྲས་ཡོད་དགོས་ཤིང་། གཙོ་ཤུགས(主动权)བརྩོན་ལེན་ལ་འགྲན་རྩོད་བྱེད་དགོས། གནས་ཚུལ་གྱི་འགྱུར་ལྡོག་ལྟར་མུ་མཐུད་དུ་ལེགས་སྒྲིགས་བྱེད་དགོས་ཡོད།

བརྒྱད། བརྡ་འཕྲིན་ལ་བརྟེན་ནས་གོ་སྐབས་སྔོན་དུ་འཕྲོག་ཐབས་བྱེད་པ།

ཚོང་ར་ནི་གོ་སྐབས་འདྲ་མཉམ་གྱིས་ཁེངས་བའི་གནས་ཤིག་ཡིན། ཆ་རྐྱེན་འདྲ་མཉམ་ཀྱི་གནས་བབས་འོག་ནས་སུ་ཞིག་སྔོན་དུ་ཐོན་པ་དང་། སུ་ཞིག་གིས་སྔོན་དུ་གོ་སྐབས་ལག་ཏུ་སོན་ཐུབ་པ། སུ་ཞིག་གིས་སྔོན་དུ་གསར་བཟོ་བྱེད་ཐུབ་པ། དེ་ལ་ད་གཟོད་རྟག་བརྟན་འགྱུར་མེད་ཀྱི་རྒྱལ་ཁ་ཐོབ་ཐུབ།

ཚོང་གཉེར་བྱ་འགུལ་ཁྲོད་དུའང་། ཚོང་རའི་ཆ་འཕྲིན་ལ་མུ་མཐུད་དུ་དབྱེ་ཞིབ་བྱེད་དགོས་ཤིང་། བརྡ་འཕྲིན་ལ་བརྟེན་ནས་གོ་སྐབས་སྔོན་དུ་རྙེད་ཐབས་བྱེད་པ་དང་། མགྱོགས་མྱུར་སྒོས་རྒྱལ་ཁ་ལེན་པ། དཔེར་ན། ཆེ་མཐོང་ཁོར་ཡུག་གི་དབྱེ་ཞིབ་( སྲིད་ཇུས་དང་ཁྲིམས་ལུགས། རང་བྱུང་། ཚན་རྩལ། ཆབ་སྲིད་སོགས) བརྒྱུད་ནས་འགྲན་རྩོད་ཀྱི་གནས་ཚུལ་ཐོབ་ཐབས་བྱེད་དགོས་ལ། མགྱོགས་མྱུར་སྒོས་ཚོང་རའི་གོ་སྐབས་ཤེས་ཐབས་བྱེད་དགོས། ད་དུང་འགྲན་རྩོད་པར་དབྱེ་ཞིབ་དང་འཛད་སྤྱོད་པར་དབྱེ་ཞིབ་བྱས་ཏེ། འོས་མཚམས་ཀྱི་ཆ་འཕྲིན་བསྡུ་བསོགས་བྱས་ནས། དེ་མ་ཐག་ལག་བསྟར་བྱེད་དགོས་ཤིང་། གོ་སྐབས་སྔོན་དུ་རྙེད་ཐབས་བྱེད་དགོས།

དགུ ཡིད་རྟོན་ནི་གཙོ་བོ་ཡིན།

ཡ་ཧུ་ད་པའི་ཚོང་ལས་ཁྲོད་ནས་ཆེས་དོ་སྣང་བྱེད་ས་ནི“ ཁ་ཆད” ཡིན། འཛམ་གླིང་ཡོངས་ཀྱི་ཚོང་ལས་ཁྲོད་ནས། ཡ་ཧུ་ད་པའི་ཁ་ཆད་བརྩི་སྲུང་བྱེད་པ་ནི་སྐད་གྲགས་ཆོད་པ་ཞིག་ཡིན་ཞིང་། གལ་ཏེ་ཁ་ཆད་ཞིག་བཞག་ཚེ། དོན་དག་ཅི་ཞིག་བྱུང་རུང་ཁ་ཆད་ལ་བརྩི་སྲུང་ནན་མོ་བྱེད་དོ།།

ཁོ་ཚོའི་སེམས་སུ། ཁ་ཆད་ནི་ནི་དཀོན་མཆོག་གི་བཀའ་དགོངས་ཡིན་པར་འདོད་ལ། ཁ་ཆད་བརྩི་སྲུང་ནན་མོ་བྱེད་པ་ནི་ཡ་ཧུ་ད་པའི་ཡོངས་ཁྱབ་སྣང་ཚུལ་ཞིག་ཡིན། ཁོ་ཚོའི་ཕན་ཚུན་བར་ཐ་ན་གན་རྒྱ་ཡང་འཇོག་དགོས་པ་མིན། ཁ་ཐོག་གི་ཁས་ལེན་གྱིས་ཕན་ཚུན་བར་གྱི་གནས་ཚུལ་ལ་ཚོད་འཛིན་བྱེད་ཐུབ་ལ། དེའི་རྒྱུ་མཚན་ནི་དཀོན་མཆོག་ལ་མགོ་སྐོར་བྱེད་མི་ཐུབ་པས་སོ། ཡ་ཧུ་ད་པའི་ཁ་ཆད་བརྩི་སྲུང་གི་བྱེད་ནུས་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན།

ཚོང་ལས་ཀྱི་གོ་རིམ་ཁྲོད། ཡ་ཧུ་ད་པས་ནམ་ཡང་གཞན་ལ་མགོ་མི་སྒུར་ཞིང་། སྒོར་མོ་ཁེ་སྤོགས་ཆེན་པོ་ལེན་ཐབས་བྱེད་ངེས། ཡིན་ནའང་། ཁ་ཆད་ཀྱི་མདུན་དུ། ཡ་ཧུ་ད་པ་དག་གིས་ཡོད་ཚད་ཕམ་སོང་རུང་། ཁོ་ཚོས་ཁ་ཆད་ལ་བརྩི་སྲུང་ནན་མོ་བྱེད་ངེས།

ཡ་ཧུ་ད་པས་ཁ་ཆད་རྩིས་མེད་གཏན་ནས་མི་བྱེད། ཡིན་ནའང་ཁོ་ཚོས་ཁ་ཆད་བརྩི་སྲུང་བྱེད་པའི་སྔོན་འགྲོའི་འོག ཁ་ཆད་ལ་བསྒྱུར་བཅོས་བྱེད་ཐབས་འབད་བརྩོན་བྱས་ནས། རང་ཉིད་ལ་དགེ་མཚན་བསྐྲུན་ཐབས་བྱེད། རྒྱུ་མཚན་ནི་ཚོང་རའི་ཁྲོད་ནས། ཡ་ཧུ་ད་པ་དག་གིས་བལྟས་ན། གནད་དོན་གཙོ་བོ་ནི་སྤྱོད་བཟང་དང་སྤྱོད་བཟང་མིན་པ་གཙོ་ཕལ་མིན་པར། ཁྲིམས་མཐུན་དང་ཁྲིམས་འགལ་ཡིན་མིན་ལ་རག་ལས་པར་འདོད།

ཚོང་གཉེར་བྱ་འགུལ་ཁྲོད་ནས། དེ་མཚུངས་ཀྱིས་ཡིད་རྟོན་ཡང་གཉེར་སྐྱོང་བྱེད་དགོས་ལ། རོལ་རྩེད་སྒྲིག་གཞི(游戏规则)ཡང་བརྩི་སྲུང་བྱེད་དགོས། ཁེ་ཕན་གཉེར་སྐྱོང་དང་འབྲེལ་བའི་མི་དག་ལ་མཉམ་འབྲེལ་པ་ལྟ་བུའི་ཕན་ཚུན་ལ་ཡིད་རྟོན་གྱི་འབྲེལ་བ་འཛུགས་དགོས། ཡིད་རྟོན་གྱིས་མགྲོན་པོ་འགུགས་དགོས་ཤིང་། ཡིད་རྟོན་ནི་གཙོ་བོར་འཛིན་དགོས།

བཅུ། ཐོན་ཁུངས་སྙོམ་སྒྲིགས་ལེགས་པོ་བྱེད་པ།

ཡ་ཧུ་ད་པའི་དཔལ་འབྱོར་རིག་པ་བ་བེ་ལིན་ལེ་ཀི་ཞིན( 威廉立格逊)གྱིས་བཤད་པ་ནང་ལྟར། ཡོད་ཚད་ནས་ཡོད་ཚད“གཡར”ལ་བརྟེན་ཆོག་ཅིང་། དངུལ་སྒོར་གཡར་ཆོག་ལ། འཇོན་ཐང་ཅན་ཡང་གཡར་ཆོག ད་དུང་ལག་རྩལ་དང་ཤེས་རབ་སོགས་ཀྱང་གཡར་ཆོག་གོ འཇིག་རྟེན་འདིའི་ཁྱོད་རང་ལ་མཁོ་བའི་ཐོན་ཁུངས་ཡོད་ཚད་གྲ་སྒྲིག་བྱས་ཟིན་ལ། ཁྱེད་ཀྱི་སྒྲུབ་དགོས་པ་ནི་དེ་དག་མཉམ་ཏུ་བསྡུས་ཏེ་རང་གི་ཤེས་རབ་བཀོལ་ནས་བཀོལ་སྤྱོད་བྱེད་དགོས་པའོ།

ཚོང་གཉེར་བྱ་འགུལ་ལའང་ཐོན་ཁུངས་སྙོམ་སྒྲིག་གི་དགོས་མཁོ་ཡོད། ཚོང་གཉེར་ཁྱབ་བསྒྲགས་སམ་ཡང་ན་རིན་གོང་དོ་དམ། དེ་དག་ཡོད་ཚད་ལ་ཆ་སྙོམ་གྱིས་ཐོན་ཁུངས་སྙོམ་སྒྲིག་དང་སྟོབས་ཤུགས་གཡར་དགོས། དཔེེར་ན། དོན་དག་འཆར་འགོད་དང་ཚོང་རྟགས་ཇུས་འགོད། སྔ་ཕྱི་སྐུལ་འཚོང་སོགས་ལ་སྟོབས་ཤུགས་གཡར་དགོས་པ་ལྟ་བུའོ།།


ལན་སློག


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up