16215900_1403833759658768_1990214075_nཨ་རིག་འགྱུར་མེད།
དེ་རིང་ནི་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡ ཚེས་ ༢༢ དང་རེས་གཟའ་ཉི་མ་ཡིན། ང་ཚོ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་གྲོགས་པོ་འགའ་མཉམ་དུ་འཛོམས། རྩེད་ཐང་དུ་སོང་ནས་ལག་རྩེད་སྤོ་ལོ་བརྩེས། འཚིག་ཇ་ཁང་དུ་འཛོམས་ནས་ཇ་འཐུང་། གནད་དོན་གང་མང་ཐད་སྐད་ཆ་འདྲ་མིན་བཤད་པ་ཡིན།
ནམ་རྒྱུན་ང་ཚོ་མཉམ་དུ་འཛོམས་དོན་ལག་རྩེད་སྤོ་ལོ་རྩེད་ཆེད་ཁོ་ན་ཡིན་མོད། དེ་རིང་ང་ཚོ་མཉམ་དུ་འཛོམས་དོན་གལ་ཆེའི་དོན་དག་གཞན་ཞིག་ཀྱང་ཡོད། དེ་ནི་ཆང་ས་ལོ་དེབ་བཞི་བ་ཨ་རིར་འབྱོར་ཏེ་དབུ་འབྱེད་མཛད་མགོ་སྟབས་བདེ་ཞིག་འཚོགས་ཆེད་དུ་ཡིན། ས་མཐའི་སྤུན་གྲོགས་ནང་གི་གྲོགས་པོ་ཚོ་ནི་ང་ལ་ནམ་ཡང་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་མཁན་གྱི་གྲོགས་པོ་སྐོར་ཞིག་ཡིན་པར་མ་ཟད། ཐེངས་འདིར་ཁོང་ཚོ་ཚང་མས་ཆང་ས་ལོ་དེབ་གསུམ་པ་དང་བཞི་བ་རེ་རེ་ཉོས་ཏེ། ངེད་ཆང་ས་རྩོམ་སྒྲིག་ཁང་གི་ལས་དོན་ལ་རྒྱབ་སྐྱོར་གནང་།
དེར་བརྟེན་དེ་རིང་ང་ཚོ་མཉམ་དུ་འཛོམས་ནས་ཆང་ས་ལོ་དེབ་ཀྱི་ད་ལྟའི་བར་གྱི་ཀྱག་ཀྱོག་གི་བརྒྱུད་རིམ་སྣ་ཚོགས་དང་དགེ་སྐྱོན་གླེང་བར་མ་ཟད། མ་འོངས་པར་ཆང་ས་ལོ་དེབ་ཡར་རྒྱས་གཏོང་ཕྱོགས་ཐད་ལའང་བགྲོ་གླེང་གང་མང་བྱས། ཁོང་ཚོ་ཚང་མས་ཁ་གཅིག་གྲག་གིས་ང་ལ་མ་འོངས་པར་མུ་མཐུད་དེ་ཤུགས་རྒྱོབས་དང་། ལོ་རེར་དེབ་རེ་ཉོ་རྒྱུར་ཁས་བླངས་པ་ཡིན་ཟེར།
ངས་ཁོང་ཚོར་ད་ལྟའི་བར་གྱི་ཆང་ས་དྲ་དེབ་ཚགས་གསུམ་གྱི་འདས་པའི་བྱུང་རབས་དང་མ་འོངས་པའི་ཕུགས་བསམ་སྐོར་ཞིབ་བརྗོད་བྱས་པར་མ་ཟད། ཁོང་ཚོས་དྲི་བ་དྲིས་པར་གང་ཐུབ་ཀྱིས་ལན་འདེབས་ཀྱང་བྱས། དེ་བཞིན་ཁོང་ཚོས་ཆང་ས་ལོ་དེབ་སྐོར་ལ་རང་རང་གི་གལ་ཆེའི་དགོངས་ཚུལ་གསུངས་ཏེ་མ་འོངས་པའི་ཆང་ས་རྩོམ་སྒྲིག་ཁང་གི་ལས་དོན་བྱེད་ཕྱོགས་ལ་ལམ་སྟོན་ཡང་གནང་།
ཁོང་ཚོ་ཚང་མས་ཆང་ས་ལོ་དེབ་ནི་བཙན་བྱོལ་གྱི་གསར་བཏོད་ཀྱི་རྣམ་པ་ཅན་དང་། སྤྱི་ཚོགས་ལ་ཁ་ཕྱོགས་པའི་དམིགས་བསལ་དུས་དེབ་ཅིག་རེད། ཧ་ཅང་ཡག་པོ་འདུག་ཟེར།
དེ་བཞིན་ང་ཚོའི་མ་འོངས་པའི་བྱིས་པ་རྣམས་བོད་མི་རྣལ་མ་ཞིག་ཏུ་ཇི་ལྟར་སྐྱེད་སྲིང་བྱེད་མིན་དང་། ཕ་མས་རང་རང་གི་བུ་ཕྲུག་གི་མདུན་ལམ་ཐད་འགན་ཇི་ཞིག་འཁུར་དགོས་མིན། ད་ལྟའི་བོད་ཕྱི་ནང་གི་སྐད་ཡིག་གི་གནས་བབ་དང་ཁོར་ཡུག འཚོ་བའི་གནས་བབ་བཅས་ཀྱི་སྐོར་ནས་གླེང་མོལ་བྱས། འདི་ནི་ང་ཚོ་ས་མཐའི་སྤུན་གྲོགས་ཞེས་པའི་གྲོགས་པོ་སྐོར་ཞིག་གི་གཟའ་མཇུག་ལ་རོལ་སྟངས་ཤིག་དང་། བསམ་བློ་བརྗེ་རེས་བྱེད་སྟངས་ཤིག་ཀྱང་ཡིན།
ང་ཚོ་སུ་དང་གང་ཡིན་རུང་བོད་མི་རིགས་ཀྱི་སྐད་ཡིག་དང་བོད་མི་རིགས་ཞེས་པ་འདིར་དུང་བ་ཟབ་མོ་ལྡན། ཡུལ་དུས་གནས་བབ་གང་འདྲ་ཞིག་གི་འོག་ཏུ་འཚོ་བཞིན་ཡོད་ཀྱང་། ང་ཚོ་བོད་རིགས་ཡིན་པ་ནི་གཟི་བརྗིད་དང་སྤོབས་པ་ཡིན་ལ། ང་ཚོ་རང་ཉིད་ཙམ་མ་ཟད་མ་འོངས་པའི་ང་ཚོའི་བུ་རབས་ཚ་རྒྱུད་ཀྱང་སྤོབས་པ་སྐྱེ་འོས་པའི་མི་རབས་ཤིག་ཏུ་སྐྱེད་སྲིང་བྱ་རྒྱུའི་ཕུགས་བསམ་དང་རྨི་ལམ་རྨི་བཞིན་ཡོད།
བོད་རྒྱལ་ལོ། ། བོད་ཀྱི་སྐད་ཡིག་རྒྱལ་ལོ། །16237629_1403833762992101_406563363_n

16237679_1403833756325435_1680283120_n

16229800_1403844996324311_2012646133_o

མཆན།
གྲོགས་པོ་ཆོས་བཟང་རྒྱལ་དང་མགོན་པོ་བཀྲ་ཤིས་གཉིས་ཀ་དེ་རིང་ཡོང་ཡོད་ཀྱང་གོང་གསལ་གྱི་འདྲ་པར་ནང་དུ་ཚུད་མེད་པས་གཤམ་གྱི་པར་འདི་བཞག་པ་ཡིན།


ལན་སློག


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up