28111156093 བཀུར་འོས་པའི་ཆང་ས་བོད་ཡིག་དྲ་བ་ཀློག་མཁན་གྱི་བོད་རིགས་སྐྱེས་མ་རྣམ་པ།

ཁམས་བཟང་། གུས་པ་ནི་བོད་མདོ་སྨད་ཕྱོགས་ནས་ལྟེ་ཁྲག་སར་འཐོར་བའི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་སྐྱེས་པ་ཞིག་ཡིན་ལ། དབང་བོ་ལྔ་བདེ་ཐང་དང་རིང་རྒྱུ་ཐུང་རྒྱུ་མེད་པའི་གཟུགས་པོ་ཞིག་ཡོད། མིག་མདོག་ནག་པོ་དང་ཤ་མདོག་དཀར་པོ་ཡིན། བོད་ཀྱི་སྐད་དང་ཡི་གེར་བྱང་ཆུབ་པའི་སྟེང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་སོགས་ལའང་མྱོང་རྒྱུས་མི་དམན་པ་ཞིག་ཡོད། སྐྱེས་པ་སྔོན་མའི་ཚོགས་བསགས་སམ་མི་ཚེ་འདིའི་འགྲོ་སྟངས་ཤིག་གིས་ཆུང་དུས་ནས་བཟུང་རབ་ཏུ་བྱུང་སྟེ། བོད་ཕྱི་ནང་གི་དགོན་པ་མི་ཉུང་བ་ཞིག་ཏུ་བོད་ཀྱི་བཅུ་ཕྲག་རིག་གནས་ཁག་དང་ལྷག་དོན་དུ་ལོ་མང་རིང་བོད་བརྒྱུད་ནང་བསྟན་གྱི་གཞུང་ལ་རང་ནུས་ཅི་ལྕོགས་ཀྱིས་སློབ་སྦྱོང་བགྱིས་མྱོང་།

གུས་ཀྱི་ད་ལྟའི་སྡོད་གནས་ནི་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་ཡིན། འདིར་འབྱོར་ནས་ལོ་ངོ་མི་ཉུང་བ་ཞིག་འགོར་ཞིང་ཡིག་ཆ་སོགས་ཀྱི་ཐད་ནས་ཀྱང་དཀའ་ངལ་གང་ཡང་མེད། ཕྱི་ནང་གི་མཐུན་རྐྱེན་ཡང་འགྲིག་ཐག་ཆོད་ཡོད། ད་ལྟ་ལོ་དང་ན་ཚོད། ཕྱི་ནང་གི་མཐུན་རྐྱེན་གང་ལ་བསམ་ནའང་རང་དང་ལྟ་སྤྱོད་མཐུན་པའི་བཟའ་ཟླ་ཞིག་བཙལ་ཏེ། འཇིག་རྟེན་ཁྱིམ་པ་བའི་ལས་སུ་ཞུགས་རྒྱུ་ནི་བདག་ལ་མཚོན་ན་འཕྱི་མེད་ནའང་སྔ་མེད་པས་ན། གུས་པས་གང་མགྱོགས་སྒོས་ཤ་དང་རུས་པ་བོད་ནས་མཆེད་པའི་བོད་རིགས་བུད་མེད་ཁེ་གཙང་ཞིག་དང་མཉམ་དུ་གཉེན་སྒྲིག་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད།

གུས་པར་མཚོན་ན་བོད་རིགས་ཁེ་གཙང་ཡིན་ན་བོད་ཆོལ་ཁ་གསུམ་དང་གཞིས་ཆགས་དང་གསར་འབྱོར་སོགས་གང་ནས་ཡིན་ཡང་ཁྱད་པར་མེད། དགའ་ཕྱོགས་ཀྱི་ཆ་ནས་ཆོས་ལུགས་ལ་དད་པ་ཡོད་ཅིང་བོད་ཀྱི་སྲོལ་རྒྱུན་གྱི་ཡ་རབས་བཟང་སྤྱོད་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་མྱོང་རྒྱུས་ཅན་ཞིག་ཡིན་ན་བཟང་བར་འདོད་ཀྱིན་ཡོད།

ལོ་ཚོད་ཀྱི་ཆ་ནས་ ༣༠ ནས་ ༤༠ ཡས་མས་དང་ (གུས་པ་རང་ཉིད་ལོ་ ༤༠ ཡིན།) དེ་སྔར་གཉེན་བསྒྲིགས་མྱོང་མིན་ལ་ཁྱད་པར་མེད་མོད། གལ་ཏེ་བྱིས་པ་ཡོད་ཚེ་བྱིས་པའི་བློ་ཁ་དང་ང་རང་ཉིད་ཀྱི་གནས་བབ་བཅས་ལའང་བསམ་བློ་གཏོང་སྲིད་པ་ཡིན།

གཟུགས་རིང་ཐུང་དང་ཤ་མདོག རྣམ་པ་བཅས་དེ་ཙམ་གཙོ་བོར་འཛིན་གྱི་མེད། གཙོ་བོ་ནང་སེམས་རྒྱུད་གཙང་བ་དང་བཟའ་ཟླར་བྱམས་པ། ཕྱི་ནང་གི་ལས་ཀར་བརྩོན་པ་ཞིག་བྱུང་ན་ཆོག སློབ་སྦྱོང་ཡང་གཏན་ནས་ཡིག་རྨོངས་པ་ཞིག་མིན་ན་ཆོག
གལ་ཏེ་བོད་རིགས་སྐྱེས་མ་སུ་ཞིག་གིས་རང་ཉིད་གུས་པས་བཙལ་གྱིན་པའི་བཟའ་ཟླ་དེ་རེད་སྙམ་པ་དང་གོང་གསལ་ཆ་རྐྱེན་ཁག་ཚང་བར་འདོད་ཚེ། ཆང་ས་དྲ་བ་བརྒྱུད་ནས་གུས་པར་འབྲེལ་གཏུག་བྱས་ཆོག
ས་གནས་རྒྱ་བལ་འབྲུག་གསུམ་དང་ཨ་རི་ནས་ཡིན་ན་རབ། གང་ལྟར་ཡུལ་དང་དུས་ནི་ཐག་གཅོད་ཐུབ་པ་ཞིག་ཡིན་པས་དེ་ཙམ་གལ་ཆེན་དུ་འཛིན་གྱིན་མེད།

གུས་བཅས། xxx མིང་བས།

ཕྱི་ལོ་ ༢༠༡༦ ལོའི་ ༢ ཚེས་ ༡༥ ཨ་རིའི་སྲིད་འཛིན་གྱི་ཉིན།

འབྲེལ་གཏུག་བྱ་ཡུལ།

ཆང་ས་རྩོམ་སྒྲིག་ཁང་།
tibetchangsa@gmail.com
ཡང་ན།

རྩོམ་སྒྲིག་པ། ཨ་རིག་འགྱུར་མེད།
gyurmeyarik@gmail.com

ཆང་ས་རྩོམ་སྒྲིག་ཚན་ཆུང་གིས།


3 ཀློག་མཆན།:

  1. གདོང་པར་ རྩོམ་སྒྲིག་པ།

    ངེས་པར་བཀླག་དགོས་པའི་དོན་ཚན་འགའ།

    (གཤམ་གྱི་དོན་ཚན་དག་ཞིབ་ཚགས་པོ་ཞིག་བཀླག་རོགས།)
    གཅིག ངེད་ཆང་ས་ཚང་གི་མིང་ཐོག་ནས་སྤེལ་བའི་བརྡ་ཁྱབ་གང་འདྲ་ཞིག་ཡིན་རུང་ངོ་མ་ཡིན་ལ། བརྡ་ཁྱབ་དེའི་རིགས་ལ་ངེད་དྲ་བའི་གཞུང་འབྲེལ་གློག་འཕྲིན་ཐོག་འབྲེལ་གཏུག་བྱས་ཏེ། རང་ཉིད་ལ་དོགས་འདྲི་གང་འདྲ་ཞིག་ཡོད་རུང་འདྲི་ཞིབ་བྱ་ཆོག དེ་བཞིན་གཤམ་གྱི་བརྡ་ཁྱབ་སྤེལ་མཁན་ལ་འབྲེལ་གཏུག་བྱ་རྒྱུའི་ཐོག་མའི་བྱ་བ་དག་ལེགས་པར་བསྒྲུབ་རྗེས། ཐད་ཀར་འབྲེལ་གཏུག་བྱ་ཆོག
    གཉིས། ངེད་དྲ་བ་བརྒྱུད་ནས་བརྡ་ཁྱབ་སྤེལ་མཁན་ལ་རིགས་གཉིས་ཡོད། རིགས་གཅིག་ནི་ཁོང་ཚོ་རང་ཉིད་ཀྱི་དངོས་མིང་འགོད་མཁན་དང་ཐད་ཀར་འབྲེལ་བ་བྱས་ན་ཆོག་པའི་རིགས་ཡིན། དེ་དག་ལ་ཁོང་ཚོ་རང་ཉིད་ཀྱིས་བཞག་པའི་མི་སྒེར་བའི་འབྲེལ་གཏུག་ཨང་གྲངས་ཐོག་འབྲེལ་བ་བྱ་རྒྱུར་ངེད་དྲ་བའི་ངོས་ནས་དགག་བྱ་གང་ཡང་མེད། རིགས་གཞན་གཅིག་ནི་ངེད་དྲ་བས་འགན་ལེན་འོག ངེད་དྲ་བ་བརྒྱུད་ནས་འབྲེལ་གཏུག་བྱ་དགོས་པའི་རིགས་ཡིན།
    དེར་བརྟེན། རིགས་ཕྱི་མ་དེར་འབྲེལ་གཏུག་གནང་སྐབས་ངེས་པར་དུ་ཐོག་མར་ངེད་དྲ་བའི་གཞུང་འབྲེལ་གློག་འཕྲིན་ཐོག་འབྲེལ་བ་གནང་དགོས་པར་མ་ཟད། ངེད་དྲ་བར་ཁྱེད་ཀྱི་དངོས་མིང་དང་ལོ། ལས་གནས་སོགས་གསལ་བོར་འཁོད་པའི་ལོ་རྒྱུས་རྒྱབ་ལྗོངས་ཐུང་ངུ་ཞིག་བསྐུར་དགོས།
    གཉིས། ལོ་རྒྱུས་དེ་དང་མཉམ་དུ་སྐུ་ཉིད་ཀྱི་ཉེ་ལམ་གྱི་འདྲ་པར་ཞིག་དང་ཁ་པར་ཨང་། གློག་འཕྲིན་ཨང་། སོགས་ཀྱང་བསྐུར་དགོས།
    གསུམ། ངེད་རྩོམ་སྒྲིག་ཚན་ཆུང་ལ་ཁྱེད་ཀྱི་ལོ་རྒྱུས་དང་འབྲེལ་གཏུག་ཨང་སོགས་གསལ་བོར་བྱུང་རྗེས། ཁྱེད་ལ་བརྡ་ཁྱབ་སྤེལ་མཁན་གྱི་འབྲེལ་གཏུག་ཨང་གྲངས་སོགས་སྤྲོད་ངེས་ཡིན་ལ། སྐབས་དེར་ཁྱེད་གཉིས་ཀྱིས་ཐད་ཀར་ཕན་ཚུན་ལ་འབྲེལ་གཏུག་གིས་རྒྱུས་ལོན་བྱ་རྒྱུའི་འགོ་བཙུགས་ཆོག
    བཞི། ངེད་དྲ་བས་ཁྱེད་ཀྱི་ལོ་རྒྱུས་དང་པར། གློག་འཕྲིན་ཨང་གྲངས་སོགས་མི་གཞན་ལ་བསྒྲག་པ་དང་བཤད་པ་སོགས་མི་བྱེད། ཡིན་ནའང་། འདི་ནི་ང་ཚོའི་ལས་རིགས་ཡིན་པས་ཁྱེད་ཀྱིས་ང་ཚོའི་ལས་རིགས་ལ་ཆེ་མཐོང་དང་གཞོག་འདེགས་ཀྱིས་ཐོག་མའི་བྱ་བ་དག་ལེགས་པར་བསྒྲུབ་དགོས།
    ལྔ། གལ་སྲིད་ངེད་དྲ་བར་འབྲེལ་བ་བྱེད་མཁན་མང་བོ་བྱུང་ཚེ། ངེད་རྩོམ་སྒྲིག་ཚན་ཆུང་ལ་འབྲེལ་བ་བྱེད་མཁན་དག་གི་རང་ཉིད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་སོགས་བསྐུར་ནས་འབྱོར་རྗེས། ང་ཚོས་འབྲེལ་བ་བྱེད་མཁན་ཚང་མ་བརྡ་ཁྱབ་སྤེལ་མཁན་དང་ངོ་སྤྲོད་བྱ་རྒྱུ་ཡིན་ལ། བརྡ་ཁྱབ་སྤེལ་མཁན་རང་ཉིད་ཀྱིས་ངོས་ནས་མི་སྣ་གང་འདྲ་ཞིག་དང་ལེན་བྱ་མིན་བཅས་ཀྱི་ཐད་ལ་ང་ཚོས་ནམ་ཡང་ཐེ་གཏོགས་བྱ་རྒྱུ་མིན།
    དྲུག ང་ཚོས་བརྡ་ཁྱབ་སྤེལ་མཁན་དང་ཁྱེད་གཉིས་ངོ་སྤྲོད་བྱེད་པ་ཙམ་ལས། དེའི་གཞུག་གི་བྱ་བར་འགན་ལེན་གང་ཡང་མི་བྱེད། དཔེར་ན། གཉེན་སྒྲིག་ཐུབ་མིན་དང་གལ་སྲིད་གཉེན་སྒྲིག་པའི་དབང་དུ་བཏང་ནའང་མི་ཚེ་གཅིག་མཉམ་དུ་སྐྱེལ་ཐུབ་མིན་ལྟ་བུ་དང་། མི་རང་རང་གི་ཁ་ངོ་སྐྱེས་གཟུགས་དང་རྒྱུ་འབྱོར་བ་སོགས་ཡིན། དོན་ཚན་འདི་རྩོམ་སྒྲིག་པའི་གསལ་བཤད་ཅེས་པ་ལས་ཤེས་རྟོགས་ཐུབ་པ་གནང་རོགས།
    ཆང་ས་རྩོམ་སྒྲིག་ཚན་ཆུང་གིས། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༤ ཚེས་ ༢༤ ཉིན།

  2. Tenzin Lhazey

    19/02/2016 at 3:42 am

    Great. Good Luck.

  3. མེ་ཏོག་དམར་དམར།

    25/02/2016 at 3:54 am

    ཆང་ས་བརྒྱབ་ཟིན་པ་ཡོད་མ་གཏོགས་གྲྭ་ལོག་ཞིག་ལ་འདོད་པ་ཆེན་པོ་ཡོད།

ལན་སློག


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up