དང་པོ་སྐད་འཕྲིན་བརྒྱུད་ནས།།
ཚོགས་པ་གཅིག་ཏུ་འཛོམས་བྱུང་།།
ཚོགས་མི་བརྒྱ་བོའི་ལྷག་རེད།།
སྐད་ཆ་སྟོང་གི་ཡན་རེད།།

ཁ་ཚིག་ལྷོད་ཁ་ཅན་པོས།།
ཁ་བརྡ་སྣ་ཚོགས་བྱས་ན།།
ཁ་འབྲས་ཞེ་ལ་ཤར་ཡོང་།།
ཁ་ངོ་ཐུག་ན་འདོད་བྱུང་།།

ང་གཉིས་གཞས་ཁུལ་གཅིག་གི།
གསར་བུ་གསར་མོ་གཉིས་རེད།།
ལན་གཅིག་ཐུག་འཕྲད་ཞུས་ན།།
གཟའ་ཁོར་གཉིས་ཀྱི་བཤད་ཟེར།།

རྒྱུ་མཚན་ག་རེ་དྲིས་ན།།
གཞུང་འདག་གསལ་ཁ་མི་བྱེད།།
བསམ་ན་ཁྱོད་ལ་ཅི་ཁག།
ཕ་མ་གཉིས་ཀྱི་དབང་རེད།།

སྣང་བ་ཟེར་བ་སྤྲིན་རེད།།
སྤྲིན་དཀར་འདབ་མ་ཁྱོད་རེད།།
དཔྱིད་འགོ་ཚུགས་སོང་བསམ་ན།།
མེ་ཏོག་སྣ་ཚོགས་ཁྱོད་རེད།།

ཞེ་འདྲིས་བྱུང་བའི་བུ་མོ།།
ལས་འཕྲོའི་རྨི་ལམ་གཏོང་རོགས།།
འཇིག་རྟེན་འཁོར་བ་ཟེར།།
ཕ་གའི་ན་ཁུག་གན་རེད།།


ལན་སློག


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up