16244501_1403803609661783_273180825_nབློ་གྲགས། (ཨ་རི། )
ཉེ་ལམ་ཆང་ས་ལོ་དེབ་རྩོམ་སྒྲིག་པ་གྲོགས་པོ་ཨ་རིག་འགྱུར་མེད་ཀྱིས་ཆང་ས་ལོ་དེབ་གསུམ་པ་ (༢༠༡༥) དང་བཞི་བ་ (༢༠༡༦) གཉིས་ཀ་བསླེབས་ཡོད་ཟེར་བས། ངས་ལོ་དེབ་གཉིས་ཀ་རེ་རེ་ཉོས་པ་ཡིན། རྒྱུ་མཚན་ཁོས་བོད་མི་རིགས་ཀྱི་སྐད་ཡིག་ལ་ཞབས་འདེགས་ཞུ་བཞིན་འདུག་བསམ་སྟེ་དགའ་སྣང་གིས་དུས་དེབ་གཉིས་ཀ་ཉོས་པ་ཡིན། ཁ་སང་དུས་ཚོད་བྱུང་བས་ ༢༠༡༦ ལོའི་ཆང་ས་ལོ་དེབ་ནང་དུ་ཅི་ཞིག་ཡོད་དམ་སྙམ་སྟེ་ཚར་གཅིག་བཀླགས་པ་ཡིན། ཀློག་མགོ་བརྩམས་པ་ནས་མཚམས་འཇོག་མ་ཐུབ་པར་དེབ་ཧྲིལ་བོ་བཀླགས་དགོས་བྱུང་། དེ་རིང་ ༢༠༡༥ ལོའི་ཆང་ས་ལོ་དེབ་ཀྱང་བཀླགས་ཏེ་ད་ལྟ་དེབ་གཉིས་ཀ་བཀླགས་ཚར་ཡོད།

རྩོམ་འཕྲོ་ཀློགས།


བརྩེ་གྲོགས་ཡོངས་ལ་ཞུ་རྒྱུར། སྤྱི་ལོ་ ༢༠༡༥ གསར་ཚེས་དང་འབྲེལ་སྐལ་བཟང་རྣམ་འདྲེན་བཞི་པའི་དུས་རབས་ ༢༡ པ་འཛམ་གླིང་ཤེས་ཡོན་གྱིས་ཕྱུག་པ་བཞིན་རང་སོའི་བཟའ་ཚང་ནང་ཞི་བདེ་བྱུང་ཐབས་སུ་གླིང་གེ་སར་རྒྱལ་པོས། གནམ་ལ་མི་ཤར་དགུ་ཤར་དགོས།། གཟའ་དུ་བ་མཇུག་རིང་མི་ཤར་དགོས།།

རྩོམ་འཕྲོ་ཀློགས།


བཀུར་འོས་ཆང་ས་དྲ་བའི་གཙོ་འགན་པ་ཨ་རིག་འགྱུར་མེད་ལགས་སྐུ་ཁམས་བཟང་། ཁྱེད་ཀྱི་འཁྲིག་གཏམ་དམར་རྗེན་དུ་ཡིན་ནམ་ཞིག་ཏུ། བུད་མེད་དགའ་ཐབས་ཀྱི་ཆོས་ཉི་ཤུ་ཟེར་བར་(ཕོ་མོ་སུ་ཞིག་གིས་ཐོག་མའི་སྐབས་སུ་གཉེན་སྒྲིག་སོགས་ཀྱི་སྐོར་ལས་འཕྲོས་ཏེ་གླེང་མོལ་བྱེད་ན། དེའི་བརྩེ་བར་ལྷད་འདྲེས་ཡོད་སྲིད་ཅིང་བརྩེ་བ་ལས་བརྒལ་བའི་དམིགས་ཡུལ་གཞན་ཞིག་ཡོད་པའང་རྟོགས་ཐུབ)གསུངས་པ་ལ་གསལ་བཤད་ཅིག་གནང་རོགས།

རྩོམ་འཕྲོ་ཀློགས།


ངས་ད་བར་དུ་ཆང་ས་དུས་དེབ་དང་ཆང་ས་དྲ་བ་ཞེས་མཐོང་ཐོས་ཙམ་ལས་དོ་སྣང་གཙང་མ་ཞིག་བྱེད་མ་མྱོང་། འོན་ཀྱང་དོ་ནུབ་ངའི་ནང་དུ་གློག་མེད་ཀྱང་ངས་འཁྱམ་རའི་ནང་དུ་དུས་དེབ་གསར་བ་འདི་ཀློག་བཞིན་ཡོད།

རྩོམ་འཕྲོ་ཀློགས།


ཆང་ས་དྲ་བ་བོད་ཡིག་ཁོ་ན་ཡིན། །
ཆང་ས་དྲ་བ་སྐད་ཡིག་སྲུང་ཕྱིར་ཡིན། །
ཆང་ས་དྲ་བ་བོད་མིའི་ཆེད་དུ་ཡིན། །
ཆང་ས་དྲ་བ་འཚོ་བའི་ཁ་སྐོང་ཡིན། །

རྩོམ་འཕྲོ་ཀློགས།


བོད་རིགས་སུ་གཏོགས་པ་ཀུན་གྱིས་མཁྱེན་གསལ་ལྟར། རང་རིགས་ནི། གཞིས་བྱེས་གཉིས་སུ་གྱེས་ནས་ལོ་ངོ་ཧྲིལ་བོ་ང་གཉིས་ལྷག་ཅིག་འགོར་གྱིན་པའི་གནས་ཚུལ་འདི་དང་། ད་རུང་། འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཆེས་མང་པོ་ཞིག་གི་ནང་ལ་ཁ་འཐོར་དགུ་འཐོར་དུ་སོང་ཡོད་པའི་སྐྱབས་བཅོལ་བོད་མི་རྣམས་འཚོ་གནས་མི་བྱེད་ཐབས་མེད་དུ་གྱུར་ཡོད་པ་འདི་ལ། བོད་མི་སུ་ཡིན་རུང་། ག་འདྲ་བྱས་ནས་བསམ་བློ་དང་རིགས་རུས་གཅིག་གྱུར་ཡོང་ཐབས་ཀྱི་ཕྱོགས་སུ། བོད་མིའི་སྤྱི་ཚོགས་ཁྲོད་རེ་འདུན་དང་འཆར་སྣང་མི་མཐུན་པ་སྣ་ཚོགས་ཤིག་ཡོད་པ་རེད་དེ། དེ་ནི། སྙིང་སྟོབས་དང་ཐབས་བྱུས་མེད་པའི་དམག་འཐབ་བྱེད་སྟངས་ཤིག་དང་ཨ་ན་མ་ན་མ་རེད་དམ།

རྩོམ་འཕྲོ་ཀློགས།


གནའ་མྱི་ཚོའི་ངག་རྒྱུན་ན་མྱི་མང་ལག་པ་གསེར་དང་མྱི་མང་ཁ་འདྲེ་ཟེར་བའི་ལེགས་བཤད་ཅིག་ཡོད་པ་ནི་ཀུན་གྱིས་མཁྱེན་ངེས་ཡིན་ལ། མ་ཟད་ལེགས་བཤད་འདིས་བདེན་ལུགས་ཅི་ཞིག་སྐྱོར་གྱིན་ཡོད་མེད་ཀྱང་གསལ་བོ་ཤེས་ངེས་རེད། ཡིན་ནའང་ཕྱི་ངོས་ནས་བཟང་རྫུ་བྱེད་ཀྱང་ལྐོག་ནས་གཡོ་སྒྱུ་ཁྲམ་གསུམ་བྱེད་མཁན་གྱི་དྲ་འབུ་དང་བློ་དམན་རེ་ཟུང་གིས་ལེགས་བཤད་འདིས་ཅི་ཞིག་འཆད་ཀྱིན་ཡོད་མེད་དུས་ཚོད་ཅི་འདྲ་ཞིག་ཕྱིན་རུང་ནམ་ཡང་མཁྱེན་ཐུབ་ཀྱི་མི་མདུག ཉིན་དཀར་ལྷ་དང་མཚན་མོ་འདྲེ་བྱེད་མཁན་ཚོས་སྔར་དཔེ་གཙུག་འཛིན་བྱེད་ཁུལ་བྱས་ནས། འདི་དཔེ་དང་འདི་མི་དཔེ། འདི་ཆོག་དང་འདི་མི་ཆོག

རྩོམ་འཕྲོ་ཀློགས།


ཚང་མ་ལ་ཞོགས་པ་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་གསལ་བརྗོད་བྱེད་འདོད་པ་ཞིག་ལ། ངས་ཡང་རྒྱུན་དུ་དྲ་ཐོག་ཏུ་གཡུ་དྲུག་དཀར་གྱི་རྩོམ་ཡིག་མང་པོ་མཐོང་མྱོང་ཡོད་ལ་སྨྱུག་རྩེ་དེ་ཁྱད་དུ་འཕགས་བ་ཞིག་རེད་འདུག

རྩོམ་འཕྲོ་ཀློགས།


ད་སྔ་བོད་མི་སུ་གང་གི་སེམས་ཁོང་དུ་མེད་པའི་དྲ་ཚིགས་ཤིག་བཟོ་བསྐྲུན་གནང་ནས་རང་མི་རིགས་ལ་ཞབས་འདེགས་དང་། རང་རིགས་སྤྱི་ཚོགས་ལ་ཞབས་ཕྱི་བསྒྲུབ་པའི་རྣམ་གྲངས་གསར་བ་ཞིག་གི་འགོ་བརྩམས་པར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་དང་། འདི་ཁྱེད་རྩོམ་སྒྲིག་པས་གསུངས་པ་ཇི་ལྟར་ལྷག་ལུས་སུ་སོང་བའི་སྟོང་ཆ་ཆེན་པོ་ཞིག་བསྐངས་འདུག་པས་འཚམས་འདྲི་གྲངས་ལས་འདས་པ་ཡོད། དཀོན་མཆོག་བོད་རང་བཙན་ནས།

རྩོམ་འཕྲོ་ཀློགས།


ང་ནམ་རྒྱུན་ངོ་བསྟོད་བྱེད་རྒྱུར་གཏན་ནས་མི་དགའ་མོད་ཆང་ས་དྲ་བའི་དམིགས་འདུན་དང་འཇུས་འགོད་དག་མཐོང་དུས་སྐད་ཆ་འགའ་ཤོར་སོང་བ་ཁྱེད་དྲ་བའི་འཐེན་ཤུགས་ཡིན་པ་ལས། གང་ལའང་ཡ་ལེགས་སོ། ཡིན་ལེགས་སོ་ཟེར་བའི་གཤིས་བཟང་ཞིག་ང་ལ་ཡོད་པ་གང་ནས་ཡིན་ཏེ་མིན། ཁྱེད་ཅག་གི་དམིགས་འདུན་མོད་པོ་དང་རེ་བ་གསོན་པོ་དག་གིས། བོད་སྐད་ཡིག་འཆི་གསོན་གྱི་སྲོག་དབུགས་བསྲིང་ཐབས་སོགས་ལ་ཁ་གཏད་ནས་ལངས་ཕྱོགས་གསར་བ་ཞིག་དང་བྱེད་ཐབས་སྣ་མང་ཅན་དུ་བསྒྱུར་བ་ནི་དོན་དངོས་དང་མཐུན་པ་ཞིག་ཡིན་པས་སེམས་གཏིང་ནས་དགའ་ནི་ཡིན།

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up