12540474_1044706748904806_1580036235_nཨ་ཁ་ཁ། ངའི་ཡུལ་མི་ད་དུང་གཉིད་ཁུག་བསྡད་འདུག བུ་མོ་འདི་སྔར་གྱི་ཡུལ་སྲོལ་ལྟར་མནའ་མ་བཏང་གི་ཡོད་རེད་ཟེར། ཅི་སྙིང་མ་རྗེ། བཙན་དབང་གི་ངང་ནས་བུ་མོའི་རང་དབང་ཡོངས་རྫོགས་འཕྲོག་བཞིན་ཡོད་ཁར།
སྔོན་མ་ངའི་སྲིང་མོ་ཞིག་ངའི་ཨ་ཕས་འདི་ལྟར་ཁྱིམ་མི་ཞིག་ལ་རྒྱུ་རྫས་རྒྱ་སྒོར་ཁྲི་བརྒྱ་ལས་མང་བའི་དངོས་པོ་དང་ནོར་ལུག་སོགས་སྤྲད་ནས་མནའ་མ་སྦྱིན་མྱོང་།
སྐབས་དེ་དུས་རང་ས་མ་ཡིན་པའི་ས་ཕྱོགས་གཞན་དུ་རྩྭ་ས་ཅུང་བཟང་སའི་ཡུལ་དུ་ངེད་ཚང་གི་ང་དང་ངའི་སྲིང་མོ་ཆེ་བ་གཉིས་ལུག་རྫི་ལ་འགྲོ་བཞིན་ཡོད་པས་ངའི་སྲིང་མོ་མནའ་མ་བཏང་གིན་ཡོད་མེད་ཅི་ཡང་ངེད་མིང་སྲིང་གཉིས་ཀྱིས་མ་ཤེས། ཨ་ཕས་ཀྱང་ངེད་མིང་སྲིང་གཉིས་ལ་དེའི་སྐོར་ཅི་ཡང་བཤད་མ་མྱོང་།

རྩོམ་འཕྲོ་ཀློགས།


img_1609ངའི་མིང་ལ་སུའུ་ནེ་ཏ་ཟེར་གྱི་ཡོད། ཕྱིས་སུ་དགེ་བཤེས་སྟོབས་རྒྱལ་ལགས་ཀྱིས་བློ་བཟང་སྒྲོལ་དཀར་ཟེར་བའི་བོད་མིང་ཞིག་གནང་བྱུང༌། དེ་ནས་བཟུང་བོད་པ་ཚང་མས་ང་ལ་སྒྲོལ་དཀར་ཟེར་གྱི་ཡོད། ང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་ནས་སྐྱེས་ཤིང༌། ཆུང་དུས་འཛིན་རིམ་ལྔ་པ་བར་སློབ་གྲྭར་འགྲོ་མྱོང༌།

རྩོམ་འཕྲོ་ཀློགས།


ངའི་ཕ་ཡུལ་གྱི་ད་ལྟའི་གནས་བབས་དང་བསྟུན་ཏེ་བརྗོད་ན། ང་ཚོ་བོད་པ་ཚང་ནི་གནའ་སྔ་མོ་ནས་ཁྲེལ་ཡོད་པ། ངོ་ཚ་ཡོད་པ། ཕྱི་ཐག་ཡོད་པ་ཞིག་ཡིན་ཞེས་རྒན་མགོ་དཀར་ཚོའི་ཁ་ནས་ཆར་ཤུལ་ནས་ཤ་མོ་བརྡོལ་བ་བཞིན་རྒྱུན་དུ་ལབ་ཀྱིན་འདུག་མོད།

རྩོམ་འཕྲོ་ཀློགས།


ངས་འདིར་བཟའ་ཚང་ཐད་ཀྱི་མཐོང་ཐོས་མྱོང་གསུམ་ལས་བྱུང་བའི་སེམས་ཚོར་ཁ་ཤས་བརྗོད་འདོད་བྱུང་། དེ་ལ་ནང་གསེས་གཉིས་སུ་གྲུབ་ཡོད་ལ། དང་པོ་བཟའ་ཚང་ལ་ཚང་དགོས་པའི་ཆ་རྐྱེན། གཉིས་པ་བཟའ་ཚང་ཁ་བྲལ་དང་འཁྲུག་འཛིང་གི་རྒྱུ་རྐྱེན་ནོ། །

རྩོམ་འཕྲོ་ཀློགས།


ངས་ཀྱང་ཕྱི་ལོ་ ༢༠༠༩ ལོ་ནས་ཆང་ས་བརྒྱབས་པ་རེད། དེའི་ཡར་སྔོན་རང་ཉིད་ཁེར་རྐྱང་ཡིན་དུས་ཉིན་གཅིག་གི་ཐུན་གསུམ་གྱི་ཟས་ཟ་རྒྱུར་ཡང་གོ་རིམ་མེད་པ་དང་། སྐབས་རེར་གྲོགས་པོ་དང་ལས་གྲོགས་ཚོའི་ནང་དུ་སོང་སྟེ། སྤྲང་འཁྱམ་ལྟར་ཉིན་རེ་རེ་དང་ཟླ་ངོ་རེ་རེ། ལོ་རེ་རེ་བཞིན་གྱི་འཚོ་བ་འགྲོ་ཐབས་འདུག་ཐབས་ལྟ་བུ་བྱས་ཏེ་ཡོང་བ་རེད། བཟའ་ཚང་བསྒྲིགས་རྗེས་མི་ཚེ་ལ་ཁ་ཕྱོགས་དང་འཚོ་བ་ལ་འཆར་གཞི་ཡང་དག་ཅིག་མི་བསྒྲིགས་རང་བསྒྲིགས་རེད།

རྩོམ་འཕྲོ་ཀློགས།


མི་རིགས་ལ་བརྩེ་དུང་ཆེ་སོང་བའི་དབང་གིས་དེ་རིང་བདེན་པའི་མིག་ཟུང་སྤྱད་དེ་གནས་ཚུལ་ཚབས་ཆེན་འགའ་ཡི་གེའི་གཟུགས་སུ་ཕབ་ན་འདོད་དོ།།

རྩོམ་འཕྲོ་ཀློགས།


གཉེན་སྒྲིག་ནི་མིའི་ཚེ་གང་གི་དོན་ཆེན་ཞིག་ཡིན་ཞིང་། ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་ཡིན་པ་དང་། གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བ་ནི་སྤྱི་ཚོགས་ཀྱི་འབྲེལ་བའི་ནང་ནས་ཆེས་གལ་ཆེ་བའི་འབྲེལ་བ་ཞིག་ཡིན། གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བ་བརྟན་པོ་ཡིན་པ་དེ་ནི་ཐད་ཀར་སྤྱི་ཚོགས་ཀྱི་བདེ་འཇགས་ལ་འབྲེལ་བ་དམ་པོ་ཡོད། གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བ་ལེགས་སྒྲིག་ཡང་དག་པར་བྱ་རྒྱུ་ནི་ང་ཚོ་ཚང་མར་འགན་འཁྲི་ཡོད། དེ་མིན་མི་རིགས་ཀྱི་དཔལ་དབྱོར་དང་ཡུལ་སྲོལ། གོམས་གཤིས་སོགས་ལ་འབྲེལ་བ་ཆེན་པོ་ཡོད།

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up