imageདེང་སང་མཁས་བླུན་མང་པོ་ཞིག་གིས་སྐད་ཡིག་གཅིག་གྱུར་ཟེར་བའི་ཕྱོགས་ལ་འུར་ལངས་ནས་འདྲ་མིན་གླེང་གི་ཡོད་མོད། མི་སུམ་ཅུར་བསམ་པ་སུམ་ཅུ ། ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ། །ཟེར་བ་ལྟར་བསམ་ཚུལ་ནི་རྟ་མོག་མོག་གི་སྤུ་ཁ་ལྟར་གྱུར་བས་ད་དུང་འཐུས་ཚང་ཞིག་དང་གཅིག་གྱུར་ཅིག་ཆགས་ཐུབ་མེད། དེ་ནི་འཐུས་ཚང་ཞིག་གི་སྔོན་འགྲོ་དང་ནག་ཉེས་ཤིག་གི་སྣ་འདྲེན་ཡིན་མིན་ད་དུང་རབ་རིབ་ཅིག་ཡིན་པས་བསམ་བློ་བ་དང་མཁས་པ་ཚང་མས་དཔྱད་ཞིབ་མང་པོ་གནང་དགོས་པ་ཞིག་རེད་མ་གཏོགས་འོ་ཚོད་དང་གནས་སྐབས་ཀྱི་ཚོར་བ་ཙམ་གྱིས་ཐག་གཅོད་འོས་པ་ཞིག་གཏན་ནས་མིན། མང་པོ་ཞིག་གིས་ཆོལ་ཁ་གཅིག་གི་སྐད་གཙོ་བོར་བཞག་ནས་བོད་ཀྱི་སྤྱི་སྐད་ཅིག་གཏན་འབབ་བྱས་ན་བཟང་རབ་བཤད།

རྩོམ་འཕྲོ་ཀློགས།


imageདེ་ཡང་ཁྱེད་ཅག་གིས་རྩོམ་སྒྲིག་བགྱིས་པའི་བསླབ་དེབ་ཏུ“༡ང་སོ་ན་བྱུང་། ༢ང་མིག་མཐོང་བྱུང་། ༣ང་གྲོད་ཁོག་ལྟོགས་བྱུང་། ༤ང་ཁ་སྐོམ་བྱུང་།” ཞེས་བྲིས་པ་ལས། རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་རྣམ་གཞག་དང་འགལ་བའི་སྐྱོན་དུ་མཆིས་སྟེ། དཔེར་ན། འབོད་པའི་ཐ་སྙད་དང་བོ“ང”ཞེས་པའི་ཡན་ལག་དེར་ཡན་ལག་ཅན“སོ་དང་མིག གྲོད་ཁོག་དང་ཁ་སོགས་སྦྱར་བའི་གནས་སྐབས་ཀྱི་འབྲེལ་བ་སྟོན་བྱེད་ཀྱི་ཕྲད་བསྡུས་པ་ཡིས། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་སྟོན་མི་ནུས་པ་མ་ཟད། གང་ཞིག་ཡན་ལག་དང་གང་ནི་ཡན་ལག་ཅན་ཡིན་པའི་དབྱེ་བ་སོ་སོའང་དགར་དུ་མེད་ལ། ཕན་ཚུན་གོ་འཛོལ་གྱིས་འགལ་བའི་ཕུང་བོ་ཞིག་ཏུ་གྱུར་བ་ལགས་ན། “ང”ནི“སོ་དང་མིག གྲོད་ཁོག་དང་ཁ”སོགས་སུ་ཡན་ལག་ཅན་ནམ། ཡང་ན་དེ་ལས་ལྡོག་སྟེ། “སོ་དང་མིག གྲོད་ཁོག་དང་ཁ”བཅས་ན“ང” ཞེས་པའི་ཡན་ལག་ཡིན་པ་གང་ཡིན་ལ་འཁྲུལ་བའི་སྐྱོན་དུ་འགྱུར་བར་རིགས།

རྩོམ་འཕྲོ་ཀློགས།


རྒྱལ་ཁབ་དང་མི་རིགས་སུ་དང་སུ་ལ་མཚོན་ནའང་སྐད་ཡིག་ནི་རྒྱལ་ཁབ་དང་མི་རིགས་གང་དེའི་ངོ་བོ་འཚོ་གནས་ཀྱི་སྲོག་ཤིང་ཡིན་པས། དེང་གི་ཆར་རྒྱལ་ཁབ་སོ་སོར་སྐད་ཡིག་སྲུང་སྐྱོབ་གནང་སྟངས་གནང་ལུགས་ཐད་ཐབས་ཇུས་འདྲ་མིན་ཡོད། དེ་འདྲའི་སྲིད་ཇུས་ཤིག་ཡོང་དགོས་པའི་རྒྱུ་རྐྱེན་ཡང་སྐད་ཡིག་གི་རིན་ཐང་དང་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གནས་དར་འཕེལ་རྒྱུན་འཛིན་ཕྱིར་ཡིན་པར་འདོད།

རྩོམ་འཕྲོ་ཀློགས།


[རྩོམ་པ་པོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན།]
བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར།

བོད་དུ་གཉེན་སྒྲིག་བྱེད་སྲོལ་ཡུལ་སོ་སོར་མི་འདྲ་བ་ཡོད། བོད་པ་རང་ཉིད་ཀྱིས་དེའི་སྐོར་ཞིབ་འཇུག་བྱས་པའི་གནས་ཚུལ་ཅང་མ་མཆིས་པས་དེའི་སྐོར་གྱི་དཔྱད་རྩོམ་ཡང་ཤིན་ཏུ་མཐོང་དཀོན། དེར་བརྟེན། བོད་ཀྱི་གཉེན་སྒྲིག་ཆོ་གའི་སྐོར་དེ་ནི་གསང་བ་ལྐོག་གྱུར་ཅན་གྱི་གནས་སུ་གྱུར་ཡོད། གཉེན་སྒྲིག་གི་སྲོལ་དེ་ནི་འཇིག་རྟེན་པ་རང་གི་བྱ་ལས་ཁོ་ནའི་ཁོངས་གཏོགས་ཤིག་ཡིན་པར་བརྟེན་སངས་རྒྱས་ཆོས་ལུགས་ཀྱི་ནང་དེ་དང་འབྲེལ་བའི་རྩ་བའི་གཞུང་ལུགས་ཅི་ཡང་མེད་དོ།།

རྩོམ་འཕྲོ་ཀློགས།


(འཇིག་རྟེན་དུ་སྦེད་པར་མི་ནུས་པའི་བྱ་དངོས་གསུམ་ཡོད། དེ་དག་ནི་གློ་བུར་བ་དང་དབུལ་བོ། ད་དུང་དགའ་བ་གསུམ་པོ་དེ་ཡིན་པར་བཤད།)

དགའ་བ་ནི་མི་རེ་རེའི་སྟེང་དུ་གྲུབ་པའི་ཁ་དོག་མི་འདྲ་ལ་དབྱིངས་ཀྱང་མི་འདྲ་བའི་མེ་ཏོག་ཅིག་གམ། ཡང་ན། འཇའ་ཚོན་ལྟ་བུའི་འཛིན་ཐབས་པའི་སྣང་བ་ལང་ལོང་དེ་ཡིན་སྲིད་ན། ད་ལྟ་མི་ཚོགས་ལས་མི་མང་ཤོས་ཤིག་གི་བློ་ནི་རང་གཤིས་སུའམ་དེ་ལྟར་རང་ཉིད་ཀྱི་སྟེང་དུ་སྡོད་ཚུགས་ཐུབ་མེད་པ་འདྲ། དཔེར་ན། ཁྱོད་ཀྱི་གྲོགས་པོ་དག་གིས་བུ་མོ་གང་ཞིག་མཛེས་པར་ལབ་ཙམ་ནས་དབྱེ་ཞིབ་ཅིའང་འབྱེད་རྒྱུ་མེད་པར་གྲོགས་པོའི་ཚོགས་ཀྱི་གཏམ་གླེང་དེ་དག་ཚད་མར་བཟུང་སྟེ།

རྩོམ་འཕྲོ་ཀློགས།


སྤྱི་ཚོགས་དང་མི་སྒེར་གྱི་འཚོ་བ་འཕེལ་རྒྱས་མི་ཉུང་བ་ཞིག་ཕྱིན་ཡོད་ནའང་། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་ཕལ་མོ་ཆེ་ལ་ད་དུང་ཡང་འཕྲོད་བསྟེན་གྱི་རྒྱུན་ཤེས་ཧ་ཅང་ཞན། དེ་ལས་བུད་མེད་ཚོའི་གནད་དོན་ཆེ་ཤོས་ནི་ནམ་རྒྱུན་གྱི་འཚོ་བ་དང་ལྷག་པར་དུ་ཟླ་མཚན་སྐབས་ཡིན་ལ། དེ་ལས་འཛེམ་བག་དང་ཕན་ནུས་སྐོར་དོ་སྣང་བྱེད་དགོས་བའི་དོན་ཚན་ཐུང་ངུ་གསུམ་ཡོད་སྟེ།

རྩོམ་འཕྲོ་ཀློགས།


ངས་གླེང་འདོད་པ་ནི་གོ་ལ་ཟླུམ་པོའི་འདིའི་སྟེང་དུ་གནས་པའི་སྐྱེ་བོ་སུ་ཞིག་ཡིན་རུང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་སེམས་གཤིས་རང་བཞིན་ལྷན་སྐྱེས་སུ་གྲུབ་པ་གནས་ལུགས་དང་ཆོས་ཉིད་ཡིན་པ་དེ་རེད། དེར་བརྟེན། བོད་མི་རིགས་ཀྱི་ཕོ་མོའི་ལས་དབང་གི་གནས་བབ་དང་དེ་འབྲེལ་གྱི་བདེ་སྡུག་གི་འཚོ་བ་སྟེ། ཕོ་མོ་གཉིས་ཀས་གྲུབ་པའི་འགྲོ་བ་མིའི་སྤྱི་ཚོགས་ཆེན་པའི་ཁོར་ཡུག་ཁྲོད་བསམ་ཤེས་དང་བཟོད་སྒོམ་གྱི་འདུ་ཤེས། འདྲ་མཉམ་དང་དྲང་བདེན་གྱི་འགྲོ་འདུག་བྱེད་གསུམ། དེའི་ཐོབ་དབང་དང་སྐྱིད་སྣང་གི་འཚོ་བའི་སྙིང་བོ་བཙལ་རྒྱུ་དེ་རེད།

རྩོམ་འཕྲོ་ཀློགས།


བོད་ཀྱི་སྐད་ཡིག་གི་ལས་དབང་དང་འབྲེལ་ཏེ་གླེང་ན་བརྡ་འཕྲིན་དུས་རབས་འདིར་བོད་ཡིག་གི་དྲ་རྒྱ་དར་ནས་ལོ་ངོ་མང་བོ་འགོར་མེད། ཅི་ཙམ་བགྲང་རྒྱུ་ཡོད་ནའང་ལོ་ངོ་བཅུ་ཕྲག་གཅིག་ཡས་མས་རེད། དེ་ཡང་ཉེ་ལའི་ལོ་ངོ་ལྔའི་རིང་ལ་སྣ་འཛོམས་རིང་བཞིན་ཅན་དང་། སྟབས་བདེའི་རིང་བཞིན་ཅན། འཕེལ་རྒྱས་རིང་བཞིན་ཅན་དང་ཁ་གྲངས་འཕར་བཞིན་པ་མ་གཏོགས་དེའི་སྔོན་ལ་རྣམ་གྲངས་མང་བ་དང་། སྤུས་དག་པ། སྤྱོད་སྒོ་བདེ་བ་བཅས་ཀྱི་དྲ་རྒྱ་ཧ་ཅང་ཉུང་། དེ་ལྟར་ཉེ་བའི་ལོ་ངོ་འདི་ཚོའི་རིང་བོད་ཡིག་གི་དྲ་རྒྱ་མེད་པ་ནས་ཡོད་པར་གྱུར་བ་དང་། བོད་སྐད་ཡིག་གི་ལས་དབང་ཡང་བརྡ་འཕྲིན་དུས་རབས་ཀྱི་རྗེས་སུ་བསྙེགས་ཏེ། དེང་སྐབས་དྲ་རྒྱའི་སྟེང་དུ་བོད་སྐད་ཡིག་གི་དྲ་རྒྱ་རྣམ་པ་སྣ་ཚོགས་དང་རྣམ་གྲངས་ཀྱང་ཇེ་མང་ཇེ་རྒྱས་སུ་འགྲོ་བཞིན་པའི་དུས་རེད།

རྩོམ་འཕྲོ་ཀློགས།


ལོ་རེའི་འཆར་གཞི། སློབ་དུས་ཧྲིལ་པོའི་འཆར་གཞི། གཟའ་འཁོར་གྱི་འཆར་གཞི། སློབ་ཚན་གྱི་འཆར་གཞི། ཆུ་ཚོད་ཀྱི་འཆར་གཞིའི་དམིགས་ཚད་ལས་བྱིས་པའི་སྐད་ཡིག་གི་ཤེས་ཚད་ལ་གཞལ་ཅིང་། སྤུས་ཚད་ལ་ཚོད་དཔོག་བྱས་ཏེ་བོད་ཀྱི་སྐད་ཡིག་སྦྱངས་འབྲས་འགན་ལེན་བྱེད་ཐུབ་ པར་འབད་བརྩོན་བྱ་དགོས་པར་མ་ཟད་ལོ་གཅིག་དང་གཉིས། གསུམ་གྱི་རིང་གི་སློབ་མས་སྐད་ཡིག་ཤེས་པའི་ཚད་གཞི་དེ་གཏན་འབེབས་དང་ཁག་ཐེག་ བྱ་དགོས་པར་འདོད།

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up