2015ལོའི་ཧོར་ཟླ་4བའི་ཚེས་6ཉིན་ནམ་མཁའ་དྭངས་ཤིང་ཉི་འོད་ཀྱི་དྲོད་འཇམ་མཐོ་སྒང་གི་པང་བར་ལྷུང་འདུག

2013ལོའི་ཧོར་ཟླ3པར་བདག་སློབ་ཆེན་མཐར་ཕྱིན་རྗེས་སོག་རྫོང་ནས་སྤྱི་ལེ་དྲུག་བཅུ་ཡས་མས་ཀྱི་ཡུལ་ཚོ་འདི་ལ་ལས་གནས་བགོས་པ་ཡིན། ད་བར་དུ་མི་ལོ་ཧྲིལ་བོ་གཉིས་འགོར་འདུག

རྩོམ་འཕྲོ་ཀློགས།


མཚན་མོ་དེར་ང་ཁྱིམ་དུ་འབྱོར་བ་དང་ངའི་ཆུང་མས་ཚ་ལམ་ལམ་གྱི་དགོང་ཟས་དག་ངའི་མདུན་དུ་བཤམས། ངས་ཁོ་མོའི་ལག་པར་འཇུས་ཏེ”ངས་ཁྱོད་ལ་བཤད་རྒྱུ་ཞིག་ཡོད”ཅེས་བཤད་པ་དང་ཁོ་མོ་སར་བསྡད་ནས་ཁ་རོག་གེར་ཟ་མ་བཟའ་འདུག ངས་སླར་ཡང་ཁོ་མོའི་མིག་ཟུང་ལས་རྨས་སྐྱོན་ཕོག་པའི་ཁོ་མོའི་སྙིང་ཁམས་ལ་མིག་བལྟ་བྱས།

གློ་བུར་དུ། ངས་ཁ་འདི་ཇི་ལྟར་དྲག་དགོས་མི་ཤེས་པར་གྱུར་མོད། འོན་ཀྱང་། ངེས་པར་དུ་ངའི་ཅི་ཞིག་དྲན་གྱིན་པ་འདི་ཁོ་མོར་ཤེས་སུ་འཇུག་དགོས།-ངས་གཉེན་འཐོར་བྱེད་ན་འདོད།

རྩོམ་འཕྲོ་ཀློགས།


ཉེ་ལམ་བོད་ཀྱི་བརྙན་ཐུང་ཟློས་གར་བཞུད་ལམ་ཞེས་པ་ཞིག་ལ་བལྟ་ཐུབ་བྱུང་བ་དང་། བརྙན་ཐུང་དེའི་ནང་དུ་སློབ་ཆེན་སློབ་མའི་འཚོ་བ་དང་སློབ་སྦྱོང་། ལྷག་པར་དུ་སློབ་སྦྱོང་གི་དུས་ཚོད་འཕྲོ་བརླག་མི་གཏོང་བ་དང་རང་ཉིད་ཀྱི་ཤེས་ཚོད་ནུས་ཚོད་ཀྱིས་བད་ལ་ཞབས་ཞུ་དང་། རང་གི་ནུས་པ་དང་བློ་སྤོབས་ཅུང་ཆེ་བའི་སློབ་མ་ཞིག་གི་རྒྱུ་མཚན་གསལ་བྱེད་བྱེད་པ་བསྒྲགས། སློབ་ཆེན་གྱི་འཚོ་བ་མཇུག་བསྡུ་ལ་ཉེ་བའི་སྐབས་སུ། རང་དང་མཛའ་མཐུན་འཛིན་འདོད་པའི་བོད་པའི་བུ་མོ་ཞིག་ཁོ་དང་ཉེ་བར་བཅར་ཏེ་ཁོང་གི་མཐར་ཕྱིན་དཔྱད་གཏམ་འབྲི་བར་རོགས་རམ་བྱེད་པ་སོགས་མཐོང་འདོད་དང་ལྟ་འདོད་ཆེ་བའི་བརྙན་ཐུང་དེ་རིམ་ནས་ལྟོས་ནས་མཚམས་དེར་ཐོན་དུས་ཕ་ཡུལ་ནས་ཨ་ཕས་ཁ་པར་བཏང་ཏེ་ཕ་མ་གཉིས་གཟའ་འཐོར་བྱུང་བའི་གནས་ཚུལ་དེ་ཐོས་རྗེས། གསར་བུ་དེས་སེམས་ཀྱི་སྤོབས་འདུན་ཡོངས་སུ་ཞུམ་པ་དང་སྤྲོ་བར་འཇུག་པའི་ལས་ཀུན་གྱི་མཐུད་མཚམས་ཆད་དེ་རང་གི་ཨ་མའི་དཀའ་ཁག་དང་སྡུག་མཐོང་ལ་སེམས་ཁུར་བྱས་མཐར་རང་གི་དཔྱད་འབྲས་མཐའ་དག་སློབ་གྲོགས་ལ་བྱིན་པ་དང་མཛའ་མོ་ལ་འཕྲིན་ཞིག་བསྐུར་ནས་སྔོན་གྱི་ཕུགས་འདུན་སྟོང་ཟད་དུ་བཏང་བ་སོགས་གློ་བུར་ཐག་བཅད་པའི་སྐྱོ་བའི་མཇུག་འབྲས་ཞིག་བསྟན་ནས་སོང་།

རྩོམ་འཕྲོ་ཀློགས།


MSSN9CAI76PQ7CABBF8UXCA2RW67WCA9P21JOCAKIQ01ICAWSVS53CAP5AXFVCAYOV76TCAYMGTXVCA3WW1XHCABSTUWRCA0OIZ13CADV3NBICAZZBJ6ICAJ0YGQZCA5WCIVYCAYJBH7HCAPL566Jཆང་ས་ཚགས་པར་འདོན་ཐེངས་དང་པོའི་ནང་བཙན་བྱོལ་ནང་གི་རྩོམ་པ་པོ་གྲགས་ཅན་ཤེས་རབ་དར་རྒྱས་ལགས་སུ་ངེད་ཆང་ས་དྲ་བས་བཅར་འདྲི་ཁག་ཅིག་བྱས་པ་གཤམ་གསལ་ལྟར་ཡིན།

རྩོམ་འཕྲོ་ཀློགས།


འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱ་ནག་རྒྱལ་ཁབ་ནང་ཕྱི་ལོ་༢༠༡༠ ལོར་བཟའ་ཚང་ཁ་འཐོར་གྱི་གནས་ཚུལ་ཇེ་མང་ལ་ཕྱིན་ཡོད་པ་རེད། བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནང་༢༠༡༠ ལོར་བཟའ་ཚང་ས་ཡ་གཅིག་དང་འབུམ་དགུ་བཅུ་གོ་དྲུག་ཁ་འཐོར་དུ་སོང་ཡོད་པ་དང། གྲངས་ཚད་དེ་ནི་༢༠༠༩ ལོ་དང་བསྡུར་ན་བརྒྱ་ཆ་༡༩་དང་གྲངས་ཆུང་༥ ཙམ་འཕར་ཡོད་འདུག རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཞིག་གིས་འགྲེལ་བརྗོད་བྱས་དོན་ལྟར་ན། ཕྱི་ལོ་༢༠༠༣ ལོའི་སྔོན་དུ་ཁྲིམས་མཐུན་ཐོག་བཟའ་ཚང་གཉེན་སྒྲིག་དང་ཁ་འཐོར་བྱེད་རྒྱུ་ཁག་པོ་ཡོད་ནའང། དེ་རྗེས་བསྒྲིགས་གཞི་བསྐྱར་བཅོས་བྱས་ཏེ་གུ་ཡངས་སུ་ཕྱིན་པས་ལོ་ལྟར་བཟའ་ཚང་ཁ་འཐོར་གྱི་བརྒྱ་ཆ་༧ ཙམ་འཕར་གྱི་ཡོད་པ་རེད། རྒྱ་ནག་གི་ཁྲིམས་ལུགས་མཁས་པ་མང་པོས་བཟའ་འཐོར་གྱི་བརྒྱ་ཆ་འཕར་བཞིན་པ་དེར་ཧང་སངས་ཡོད་པ་དང། ཕྱི་ལོ་༢༠༠༣ ལོའི་སྔོན་གྱི་བསྒྲིགས་གཞི་ལྟར་དམ་དྲག་དགོས་ལུགས་བརྗོད་ཀྱི་ཡོད་པ་རེད། མཁས་པ་མང་པོས་དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་དང། སྒེར་གྱི་རང་དབང་ཅུང་ཆེ་རུ་ཕྱིན་ཡོད་པ་དེ་གཉིས་ཀྱི་རྐྱེན་པས་བཟའ་ཚང་ཁ་འཐོར་གྱི་གནས་ཚུལ་མང་དུ་འགྲོ་བཞིན་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་བཟའ་ཚང་ཁ་འཐོར་གྱི་གནས་ཚུལ་མང་ཤོས་བྱུང་ཡོད་པ་དང། རྒྱུ་རྐྱེན་གཙོ་བོ་ནི། ས་ཆ་དེར་བཟའ་མི་མང་པོ་ཞིག་བཟའ་ཚང་ཁ་བྲལ་ནས་རྒྱང་རིང་དུ་ལས་ཀ་དུས་ཡུན་རིང་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་པ་རེད།། ཡོང་ཁུངས། བོད་ཀྱི་བང་ཆེན། རྒྱ་ནག་གི་བཟའ་འཐོར། ཕྱི་ཚེས་ ༦ ཉིན་ཧྥ་རན་སི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་དོན། ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་ནང་བཟའ་འཐོར་བྱུང་བའི་ཁྱིམ་ཚང་ཁྲི་ ༡༩༦ ། ༡ ལྷག་ལ་ཟིན་ཡོད་པ་དང་། གཉེན་འཐོར་གྱི་ཚད་བརྒྱ་ཆ་ ༡༤ ། ༥ ལ་བསླེབས་ཡོད། ད་ལོ་ཆ་སྙོམས་ཉིན་རེར་བཟའ་ཚང་ ༥༣༠༠ ལྷག་གཉེན་འཐོར་བྱས་ཡོད་འདུག རྒྱ་ནག་དམངས་སྲིད་ལས་ཁུངས་ཀྱི་བསྡོམས་རྩིས་ལྟར་ན། བཟའ་འཐོར་གྱི་གྲངས་འབོར་ཆེས་མང་པའི་ཞིང་ཆེན་ས་ཁུལ་གསུམ་ནི། ཟི་ཁྲོན་དང་ཅང་སུའུ། ཧྲན་ཏུང་བཅས་ཡིན་ཞིང་། ཟི་ཁྲོན་ཞིང་ཆེན་ནང་བཟའ་འཐོར་ཁྱིམ་ཚང་ཁྲི་ ༡༦ ། ༩ དང་། ཅང་སུའུ་ཞིང་ཆེན་ནང་བཟའ་འཐོར་ཁྱིམ་ཚང་ཁྲི་ ༡༢ ། ཧྲན་ཏུང་ཞིང་ཆེན་ནང་བཟའ་འཐོར་ཁྱིམ་ཚང་ཁྲི་ […]

རྩོམ་འཕྲོ་ཀློགས།


ད་ལྟ་བོད་ཕྱི་ནང་ཀུན་ན་གཉེན་འཐོར་ནི་སྤང་རྩྭ་མེ་ཡིས་བསྲེགས་པ་བཞིན་ཤུགས་གྱིས་འབར་བཞིན་ཡོད། འོན་ཀྱང་རང་རེ་ཚོས་རྒྱུན་དུ་གླེང་བཞིན་པ་ནི་ཕ་སྐད་ཀྱི་ལས་དབང་དང་ཁོར་ཡུག་སྲུང་སྐྱོབ། མི་ལུས་རང་དབང་སོགས་ཕྱིའི་ཆ་རྐྱེན་དག་ཡིན་པ་ལས་ནང་གི་བདེ་སྡུག་སྟེ་གཉེན་འཐོར་ལྟ་བུ་ལ་མནོ་བསམ་གཏོང་མཁན་ཤིན་ཏུ་ཉུང་།

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up