ཚེ་རིང་ཟླ་བ་ནི་ང་ཚོའི་སློབ་གླིང་འདི་གའི་སློབ་མ་འཇོན་ཐང་ཅན་ཞིག་ཡིན་ལ། ཁོའི་ཁྱིམ་ཚང་གི་ཆ་རྐྱེན་ཡང་ལྟོས་བཅས་ཀྱིས་ཅུང་བཟང་བས། སློབ་གླིང་འདི་གའི་བུ་མོ་དག་གི་ཁྲོད་ན་ཁོ་ལ་དགའ་མཁན་གང་མང་ཡོད་ཅིང་ནམ་རྒྱུན་གྱི་ཁ་བརྡའི་བརྗོད་གཞི་རུའང་གྱུར་དང་འགྱུར་བཞིན་ཡོད། “གལ་ཏེ་ཚེ་རིང་ཟླ་བ་དང་མཉམ་དུ་ཚེ་གཅིག་གི་འཚོ་བ་རོལ་མི་ཐུབ་རུང་སློབ་ཆེན་གྱི་ལོ་ངོ་འདི་དག་སྐྱེལ་ཐུབ་ཚེ་ང་རང་སློབ་ཆེན་འདིར་འགྲིམས་པའི་འགྱོད་པ་གང་ཡང་མེད”ཅེས་གླེང་མྱོང་མཁན་ཡང་ཡོད་པར་བཤད། དེར་མ་ཟད། ཚེ་རིང་ཟླ་བའི་སྐད་འཕྲིན་སོགས་འབྲེལ་ཨང་ཅི་རིགས་རྩད་གཅོད་བྱས་ཏེ”ང་ཁྱོད་ལ་དགའ”ཟེར་མཁན་དང”ངས་ཁྱོད་ལ་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད”ཟེར་མཁན་ནི་ཤིན་ཏུ་མང་། ཡིན་ན་ཡང་།

རྩོམ་འཕྲོ་ཀློགས།


དང་པོ་སྐད་འཕྲིན་བརྒྱུད་ནས།།
ཚོགས་པ་གཅིག་ཏུ་འཛོམས་བྱུང་།།
ཚོགས་མི་བརྒྱ་བོའི་ལྷག་རེད།།
སྐད་ཆ་སྟོང་གི་ཡན་རེད།།

ཁ་ཚིག་ལྷོད་ཁ་ཅན་པོས།།
ཁ་བརྡ་སྣ་ཚོགས་བྱས་ན།།
ཁ་འབྲས་ཞེ་ལ་ཤར་ཡོང་།།
ཁ་ངོ་ཐུག་ན་འདོད་བྱུང་།།

རྩོམ་འཕྲོ་ཀློགས།


ཀ་བཞི་གདུང་བརྒྱད་ཀྱི་སྦྲ་ལ་དུངས་ནི་ཞིག།
ཁ་བ་བོད་པ་ཡི་རྒྱུད་འཛིན་ཉན་ནི་ཞིག།
ག་དུས་སེམས་ཅན་ལ་ཕན་འདོགས་བསམ་ནི་ཞིག།
ང་ཚོ་རིགས་གཅིག་གི་རིགས་རྒྱུད་ཡིན་ནི་ཞིག།
འབྲོག་མོ་འདི་མོ་ཞིག་ང་དང་མཉམ་དུ་ཡོད།།

རྩོམ་འཕྲོ་ཀློགས།


སངས་རྒྱས་སྒྲོལ་མ། མཐོ་བ་གནམ་ལ་རི་ཞིག་འདུག
དེ་ནི་ཁྱེད་ཀྱི་དབུ་འཕང་ཡིན་ནམ།
དམའ་བ་ས་ན་མཚོ་ཞིག་འདུག
དེ་ནི་ཁྱེད་ཀྱི་བླ་མཚོ་ཡིན་ནམ།

རྩོམ་འཕྲོ་ཀློགས།



ཁྱོད་ལ་དགའ་བའི་བརྩེ་བ།།
གཏན་གྱི་དམ་བཅའ་ཡིན་ཡང་།།
མི་འདོད་ལས་ཀྱི་དགྲ་བོས།།
ཁ་དཀྲུག་ཁོང་དཀྲུག་བརྒྱབ་སོང་།།

བརྩེ་སེམས་དར་སྐུད་ཕྲ་མོ།།
ཁྱེད་ལ་འཐེན་འདོད་ཡོད་ན།།
དུང་སེམས་འོ་མའི་མར་ལོ།།
ང་ལ་དཀྲུགས་འདོད་ལོས་ཡོད།།

རྩོམ་འཕྲོ་ཀློགས།


བསེ་སྐར་ཚོམ་གྱིས་བསྒྱུར།

(རྩོམ་ཡིག་འདིར་ཀོ་རི་ཡ་དང་རྒྱ་གར་གྱི་མཛའ་འབྲེལ་ཞེས་པའི་རྒྱ་གར་རྒྱལ་ཡོངས་རྩོམ་ཡིག་འགྲན་བསྡུར་ཐེངས་གསུམ་པའི་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ།)

ཕུ་སེ་ཡིས་”འཛམ་གླིང་གི་ཆེས་སྐད་གྲགས་ཅན་གྱི་སྤྱི་སྐད་ནི་གླུ་གཞས་རེད།”ཟེར། དོན་གནད་དེའི་དཔེ་མཚོན་འཇོག་མཁན་ལེགས་ཤོས་ནི་གཏན་ཚིགས་དེ་སྨྲ་མཁན་ཕུ་སེ་ཞེས་པ་ཁོ་རང་ཉིད་ཡིན་ཞིང་། ཕུ་སེ་ལགས་ཀྱི་”སྒང་ནམ་སི་ཏྲེལ”ཞེས་པའི་གླུ་གཞས་དེ་སྐད་ཡིག་དང་རིག་གཞུང་། མི་རིགས་དང་གོ་དོན་སོགས་ཐམས་ཅད་ཀྱི་རྒྱ་ལས་བརྒལ་བའི་ནུས་པ་ཡོད། མི་མང་པོ་ཞིག་ལ། སྒང་ནམ་སི་ཏྲེལ་ནི་ཀེ་པོབ་ཁམས་ལ་གོམ་པ་དང་པོ་སྤོས་པ་ཞིག་རེད། ཡིན་ནའང་། ང་ཀེ་པོབ་ལ་ཐོག་མར་རྒྱུས་མངའ་ཆགས་དུས་ནི་སྒང་ནམ་སི་ཏྲེལ་མ་ཐོན་པའི་སྔོན་ལ་ཡིན་ཞིང་། དེའི་གནས་སྟངས་དེ་ནི་ཕ་མས་གཉེན་སྒྲིག་བྱེད་དུ་བཅུག་པའི་ཆང་ས་ཞིག་གི་བཟོ་འདྲ་བོ་བྱུང་།

རྩོམ་འཕྲོ་ཀློགས།


imageསྤྲིན་པ་དཀར་བོ་ལྟ་བུའི་སེམས་པ་ཞིག །
རི་རྒྱལ་ལྷུན་པོ་ལྟ་བུའི་ཚུགས་ཐུབ་ཅིག །
དྭངས་གཙང་ཆུ་མོ་ལྟ་བུའི་ངང་རྒྱུད་ཅིག །
གར་སོང་གང་བསྡད་ས་ནས་དྲན་པ་ཞིག །

ཡུན་རིང་ཞིག་ནས་མྱོང་རྒྱུས་ཟབ་པ་ཞིག །
ཕན་ཚུན་གཉིས་ཀར་ཁ་སེམས་མཐུན་པ་ཤིག །
དྲན་པའི་ངོགས་སུ་ཡལ་རྒྱུ་མེད་པ་ཞིག །
མི་ཚེ་འདི་ཡི་དྲན་ཤིང་ཡིན་པ་ཞིག །

རྩོམ་འཕྲོ་ཀློགས།



་ལམ་འཁྲུག་ནས་སྟོང་འདང་ཤར་བ་མིན།།

གཉིད་ལས་མ་སད་གཉིད་བཤད་བརྒྱབས་པ་མིན།།

ཆམ་པ་ཕོག་ནས་ཆམ་འཕྲུལ་ཡེ་ནས་མིན།།

རྨི་ལམ་སྔ་ཕྱི་བྱས་ནས་རྨིས་པ་ན།།

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up