111 གུས་པ་ཧྥ་རིན་སིར་གནས་སྡོད་ཀྱི་བོད་པ་ཞིག་ཡིན། ད་ལྟ་ལོ་ ༣༣ ཡིན། ཧྥ་རིན་སིར་འབྱོར་ནས་ལོ་དྲུག་ལྷག་ཕྱིན་ཡོད། གུས་པས་ཆང་ས་དྲ་ཚིགས་བརྒྱུད་མ་འོངས་པའི་བཟའ་ཟླ་འཚོལ་གྱིན་ཡོད། བོད་པ་ཤ་གཙང་རུས་གཙང་ཞིག་ལས་ལུང་ཚན་གྱི་དབྱེ་བ་གང་ཡང་མེད། གཙོ་བོ་ང་རང་ཉིད་དང་ལྟ་བ་མཐུན་པོ། གྲོགས་པོ་ཕན་ཚུན་དབར་ལ་འཆམ་མཐུན་བྱེད་ཐུབ་མཁན་ཞིག་ཡིན་ན་འཐུས།
ང་དང་འབྲེལ་བ་བྱེད་འདོད་མཁན་རྣམས་ཀྱིས་གཤམ་གྱི་གློག་འཕྲིན་དང་ཁ་པར་གང་རུང་བརྒྱུད་བདག་ལ་འབྲེལ་བ་གནང་རོགས།

རྩོམ་འཕྲོ་ཀློགས།


28111156093 གུས་ཀྱི་ད་ལྟའི་སྡོད་གནས་ནི་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་ཡིན། འདིར་འབྱོར་ནས་ལོ་ངོ་མི་ཉུང་བ་ཞིག་འགོར་ཞིང་ཡིག་ཆ་སོགས་ཀྱི་ཐད་ནས་ཀྱང་དཀའ་ངལ་གང་ཡང་མེད། ཕྱི་ནང་གི་མཐུན་རྐྱེན་ཡང་འགྲིག་ཐག་ཆོད་ཡོད། ད་ལྟ་ལོ་དང་ན་ཚོད། ཕྱི་ནང་གི་མཐུན་རྐྱེན་གང་ལ་བསམ་ནའང་རང་དང་ལྟ་སྤྱོད་མཐུན་པའི་བཟའ་ཟླ་ཞིག་བཙལ་ཏེ། འཇིག་རྟེན་ཁྱིམ་པ་བའི་ལས་སུ་ཞུགས་རྒྱུ་ནི་བདག་ལ་མཚོན་ན་འཕྱི་མེད་ནའང་སྔ་མེད་པས་ན། གུས་པས་གང་མགྱོགས་སྒོས་ཤ་དང་རུས་པ་བོད་ནས་མཆེད་པའི་བོད་རིགས་བུད་མེད་ཁེ་གཙང་ཞིག་དང་མཉམ་དུ་གཉེན་སྒྲིག་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད།
གུས་པར་མཚོན་ན་བོད་རིགས་ཁེ་གཙང་ཡིན་ན་བོད་ཆོལ་ཁ་གསུམ་དང་གཞིས་ཆགས་དང་གསར་འབྱོར་སོགས་གང་ནས་ཡིན་ཡང་ཁྱད་པར་མེད། དགའ་ཕྱོགས་ཀྱི་ཆ་ནས་ཆོས་ལུགས་ལ་དད་པ་ཡོད་ཅིང་བོད་ཀྱི་སྲོལ་རྒྱུན་གྱི་ཡ་རབས་བཟང་སྤྱོད་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་མྱོང་རྒྱུས་ཅན་ཞིག་ཡིན་ན་བཟང་བར་འདོད་ཀྱིན་ཡོད།

རྩོམ་འཕྲོ་ཀློགས།


གཤམ་གྱི་སྟབས་བདེའི་བརྡ་སྦྱོར་དེ་ནི་ཆང་ས་དྲ་བ་བརྒྱུད་ནས་ཚེ་གཅིག་གི་ཆུང་མ་འཚོལ་འདོད་ཀྱི་སྐྱེས་པ་ཞིག་གི་བརྡ་སྦྱོར་ཡིན། ཁོང་གིས་ང་ཚོའི་ཆང་ས་དྲ་བ་བརྒྱུད་དེ་ཆུང་མ་ཞིག་འཚོལ་འདོད་འདུག་ཟེར། གལ་སྲིད་ཁོང་དང་འབྲེལ་བ་བྱེད་པ་དང་ངོ་ཤེས་བཟོ་འདོད་པ་རྣམས་ཀྱིས་ཐད་ཀར་ངེད་ཆང་ས་དྲ་བ་བརྒྱུད་ནས་ཁོང་ལ་འབྲེལ་གཏུག་བྱེད་ཆོག
ཁོང་ལ་འབྲེལ་བ་བྱེད་འདོད་མཁན་གྱི་བུད་མེད་འདྲ་ཡོད་ན་ངེད་ཆང་ས་དྲ་བའི་གཤམ་གྱི་འབྲེལ་གཏུག་ཨང་གང་རུང་ཐོག་འབྲེལ་བ་གནང་རོགས།

རྩོམ་འཕྲོ་ཀློགས།


(གསལ་བརྡ་འདི་མ་རྩོམ་ལྟར་བཀོད་པ་ལས་རྩོམ་སྒྲིག་པས་བཅོས་སྒྲིག་ཅི་ཡང་བྱས་མེད།) བོད་མི་ལོ་ན་ ༣༠ ལྷག་ཙམ་ཞིག་ནས་སྐྱེས་དམན་ལོ་ན་ ༣༠ ནས་ ༣༥ བར་ཡིན་པ་ཞིག་འཚོལ་བཞིན་འདུག ཁོང་གི་སྐྱེས་དམན་བྱེད་འདོད་ཡོད་མཁན་རྣམས་ནས་གློག་འཕྲིན་ཁ་བྱང་ tenzindove111@yahoo.co.in འདིའི་ཐོག་དོ་བདག་རང་ཉིད་ཀྱི་པར་དང་བཅས་རང་ཉིད་དང་རང་གི་ནང་མིའི་ཞིབ་ཕྲའི་གནས་ཚུལ་བསྐུར་ན་འགྲིགས་འཐུས། བོད་མི་དེ་ནི་ཁེར་རྐྱང་ཡིན་ཐོག་ད་བར་ཆང་ས་བརྒྱབ་མྱོང་མི་འདུག་ལ། ཁོ་ལ་དཀའ་ངལ་ཡང་མི་འདུག ཁོང་ BA སློབ་མཐར་ཕྱིན་ཟིན་པ་ཞིག་ཡིན་པ་དང། ད་ལྟའི་འཆར་བཙན་བྱོལ་སྤྱི་ཚོགས་ནང་གི་ཚོགས་པ་ལེགས་གྲས་ཤིག་གི་ནང་ལས་ཀ་བྱེད་བཞིན་ཡོད་འདུག ཚོགས་པའི་ནང་ཁོང་ལ་གླ་ཕོགས་དང་མཐུན་རྐྱེན་ལྡང་ངེས་ཡོད་འདུག དེ་བཞིན་དུ་ཁོ་རང་ལུས་སེམས་གཉིས་ཀ་བདེ་ཐང་ཡིན་པ་ཞིག་ཡིན་པ་དང། བོད་དབྱིན་གཉིས་ཀ་ལེགས་པོ་ཤེས་མཁན་ཞིག་རྐྱང་ཡིན་འདུག ཁོང་ཀུན་སྤྱོད་ལེགས་ཐོག་ཆང་རག་ཀྱང་མི་འཐུང་མཁན་ཞིག་ཡིན་འདུག་པ་བཅས་སོ།།

རྩོམ་འཕྲོ་ཀློགས།


བོད་རིགས་སྤུན་ཟླ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ། ང་ནི་སི་པེན་གྱི་མི་ཡིན། སྡོད་གནས་སི་པན་རྒྱལ་ཁབ་གྱི་གྲོང་ཁྱེར་བྷར་སི་ལོ་ན་ཡིན། ང་རང་བོད་མི་རིགས་ལ་ཧ་ཅང་དུང་བ་ཟབ་པའི་མི་ཞིག་ཡིན་ལ། ད་བར་དུ་བོད་དོན་ཆེད་ལས་འགུལ་དང་རྒྱབ་སྐྱོར་གང་མང་བྱེད་མྱོང་བ་མ་ཟད། ནང་པའི་ཆོས་སྒོར་ཞུགས་ནས་ལོ་ ༡༧ ཙམ་འདས། ངའི་ལས་གནས་ནི་ཚན་རིག་དང་རིག་གནས་བྱེ་བྲག་པ་ཞིག་གི་དགེ་རྒན་ཡིན། ལོ་ ༤༧ ཡིན། ཕོ་སྒོ་འབྲང་ཙམ་ཡིན། དཔལ་འབྱོར་གྱི་དཀའ་ངལ་གང་ཡང་མེད་ཅེས་ཐག་གཅོད་ཐུབ།

རྩོམ་འཕྲོ་ཀློགས།


ང་ལོ་སུམ་ཅུ་སོ་དགུ་ཡིན། མིང་ལ་སྐལ་བཟང་ཟེར། ད་ལྟ་ཡུ་རོབ་ལུང་པ་ཞིག་ལ་བསྡད་ཡོད། ཡུ་རོབ་ལ་འབྱོར་ཏེ་ལོ་བཞི་ལྷག་ཙམ་སོང་། བོད་པ་བུ་མོ་རེ་གཉིས་དང་དགའ་རོགས་སྒྲིག་མྱོང་བ་ལས་མི་ཚེ་བསྐྱལ་མ་མྱོང་། ལས་དབང་ཞིག་གིས་ཕྱི་རྒྱལ་སྐྱེས་དམན་ཞིག་དང་ཐུག་པ་ནས་བཟུང་མོ་དང་ལྷན་དུ་མི་ཚེ་བསྐྱལ་རྒྱུ་ཐག་བཅད་དེ་ལོ་བརྒྱད་ཙམ་མཉམ་དུ་བསྡད་པ་ཡིན།

རྩོམ་འཕྲོ་ཀློགས།


བཀུར་འོས་ཀློག་མཁན་རྣམ་པ། ཁམས་བཟང་། ང་ནི་ཡུན་རིང་ཆང་ས་དྲ་བ་ལྟ་ཀློག་བྱེད་མཁན་ཞིག་ཡིན། དེར་བརྟེན་ངས་ནམ་རྒྱུན་ཆང་ས་དྲ་བ་བརྒྱུད་ནས་དགའ་རོགས་དང་ཆུང་མ་འཚོལ་བ་ནི་དུས་རབས་ཤིག་གི་འགྲོ་སྟངས་དང་། ལྷག་ཏུ་བརྡ་འཕྲིན་དུས་རབས་སུ་འབོད་པའི་ད་ལྟའི་དུས་རབས་འདིའི་འགྲོ་སྟངས་ལེགས་པོ་ཞིག་ཏུ་མཐོང་གིན་ཡོད། དེར་བརྟེན། ཐེངས་འདིར་རང་ཉིད་ཀྱིས་ཀྱང་ཆང་ས་དྲ་བ་བརྒྱུད་ནས་རང་གི་ཚེ་གཅིག་ཆུང་མ་འཚོལ་བའི་བརྡ་ཁྱབ་འདི་སྤེལ་ན་འདོད།

རྩོམ་འཕྲོ་ཀློགས།


(གཤམ་གྱི་དོན་ཚན་དག་ཞིབ་ཚགས་པོ་ཞིག་བཀླག་རོགས།) གཅིག ངེད་ གི་མིང་ཐོག་ནས་སྤེལ་བའི་བརྡ་ཁྱབ་གང་འདྲ་ཞིག་ཡིན་རུང་ངོ་མ་ཡིན་ལ། བརྡ་ཁྱབ་དེའི་རིགས་ལ་ངེད་དྲ་བའི་གཞུང་འབྲེལ་གློག་འཕྲིན་ཐོག་འབྲེལ་གཏུག་བྱས་ཏེ། རང་ཉིད་ལ་དོགས་འདྲི་གང་འདྲ་ཞིག་ཡོད་རུང་འདྲི་ཞིབ་བྱ་ཆོག དེ་བཞིན་གཤམ་གྱི་བརྡ་ཁྱབ་སྤེལ་མཁན་ལ་འབྲེལ་གཏུག་བྱ་རྒྱུའི་ཐོག་མའི་བྱ་བ་དག་ལེགས་པར་བསྒྲུབ་རྗེས། ཐད་ཀར་འབྲེལ་གཏུག་བྱ་ཆོག གཉིས། ངེད་དྲ་བ་བརྒྱུད་ནས་བརྡ་ཁྱབ་སྤེལ་མཁན་ལ་རིགས་གཉིས་ཡོད། རིགས་གཅིག་ནི་ཁོང་ཚོ་རང་ཉིད་ཀྱི་དངོས་མིང་འགོད་མཁན་དང་ཐད་ཀར་འབྲེལ་བ་བྱས་ན་ཆོག་པའི་རིགས་ཡིན། དེ་དག་ལ་ཁོང་ཚོ་རང་ཉིད་ཀྱིས་བཞག་པའི་མི་སྒེར་བའི་འབྲེལ་གཏུག་ཨང་གྲངས་ཐོག་འབྲེལ་བ་བྱ་རྒྱུར་ངེད་དྲ་བའི་ངོས་ནས་དགག་བྱ་གང་ཡང་མེད། རིགས་གཞན་གཅིག་ནི་ངེད་དྲ་བས་འགན་ལེན་འོག ངེད་དྲ་བ་བརྒྱུད་ནས་འབྲེལ་གཏུག་བྱ་དགོས་པའི་རིགས་ཡིན།

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up