ལུས་འབྲེལ་སྐབས་བུད་མེད་ཚོས་རྩ་བ་ནས་བྱེད་མི་རུང་བའི་ལས་ཀ ལུས་འབྲེལ་གྱི་བདེ་བ་སྔར་ལས་ལྷག་པ་མྱོང་འདོད་ན། ལུས་འབྲེལ་སྐབས་བུད་མེད་ཚོས་ལས་ཀ་བརྒྱད་རྩ་བ་ནས་བྱེད་མི་རུང་། བསམ་འཆར། ཁྱོ་ཤུག་འཚོ་བའི་ཁྲོད། བུད་མེད་ཚོས་རང་སྐུལ་ངང་དབང་ཆ་དམ་འཛིན་བྱེད་དགོས་པ་དང་། ཁོ་བོ་བསླུ་བྲིད་བྱེད་ཤེས་པ་དགོས། སྐྱེས་པ་ནི་དུས་རྟག་ཏུ་འཁྲིག་སྤྱོད་སྐབས་དེར་ཧུར་བརྩོན་ཅན་ཞིག་ཏུ་ངོས་འཛིན་བཞིན་ཡོད། འཁྲིག་སྦྱོར་རིག་པ་ཆེད་མཁས་པས་རྒྱུན་དུ་ཁོ་ཚོར་དྲན་སྐུལ་བྱེད་དོན། གཤིས་རྩུབ་ཞེ་དྲགས་བྱེད་རྒྱུ་མེད། གོང་རྩེད་༼ ལུས་འབྲེལ་གོང་གི་འོ་བྱེད་པ་དང་འཕུར་འཕུར་གཏོང་བ་སོགས་ལ་གོ ༽རིང་ཙམ་དགོས། ལས་ཚར་རྗེས་བྱམས་བརྩེ་དང་ལྡན་དགོས་པ་ལ་སོགས། དོན་དངོས་ཐོག་འཁྲིག་སྤྱོད་ནི་མི་གཉིས་ཀྱི་ལས་ཀ་ཡིན་པས། བུད་མེད་ཚོས་ཡིད་གཟབ་མ་བྱས་པའི་སྤྱོད་ཚུལ་འགས། འཁྲིག་སྤྱོད་ཀྱི་འཚོ་བ་མེད་པ་བཟོ་ཉེན་ཆེན་པོ་ཡོད། དེའི་ཕྱིར་ང་ཚོས་ཨ་རིའི་ཅིང་སེར་འཁྲིག་སྦྱོར་རིག་པའི་ཞིབ་འཇུག་ཁང་གི་ཁྱབ་བསྒྲགས་གསར་ཤོས་དེར་གཞིགས་ནས། ལུས་འབྲེལ་སྐབས་བུད་མེད་ཚོས་རྩ་བ་ནས་བྱེད་མི་རུང་བའི་ལས་ཀ་བརྒྱད་དེ་དག་ཕྱོགས་བསྡོམས་བྱས་ཡོད། དང་པོ། གཞན་སྐུལ་མང་དྲགས་པ། བུད་མེད་མང་པོ་ཞིག་གིས་འཁྲིག་སྤྱོད་སྐབས་སྤྱིར་བཏང་སྐྱེས་པས་མ་སྐུལ་དང་ལེན་བྱེད་དགོས་ཀྱི་ཡོད་པར་ངོས་འཛིན་གྱི་ཡོད། དོན་དངོས་སུ་འཁྲིག་སྤྱོད་འཚོ་བའི་ནང་བུད་མེད་ཚོས་མ་སྐུལ་དང་ལེན་མང་ཙམ་བྱས་ན། འཁྲིག་སྤྱོད་བདེ་བའི་འདོད་བློ་ཚིམ་ཤུགས་དང་འཁྲིག་སྤྱོད་ཀྱི་ནུས་པ་ཤུགས་ཆེར་མཐོ་རུ་འགྲོ་ཐུབ། རང་ཉིད་རྟག་ཏུ་གཞན་སྐུལ་གྱི་གནས་སྟངས་ཤིག་ཏུ་གནས་ན། སྐྱེས་པའི་འཁྲིག་སྤྱོད་ཀྱི་མནོན་ཤུགས་ཇེ་མཐོར་གཏོང་གི་ཡོད། འཁྲིག་སྤྱོད་ཀྱི་ཁ་གྲངས་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། བསམ་འཆར། ཁྱོ་ཤུག་འཚོ་བའི་ཁྲོད་དུ། བུད་མེད་ཚོས་མ་སྐུལ་དང་ལེན་གྱི་དབང་ཆ་དམ་འཛིན་བྱེད་དགོས་པ་དང་། ཁོ་བོ་བསླུ་བྲིད་བྱེད་ཤེས་པ་དགོས། གཉིས་པ། རང་ཉིད་ཀྱི་གཟུགས་པོར་ཡིད་ཆེས་མེད་པ། རང་རྟོན་ནི་འཁྲིག་འདོད་ཀྱི་སྒུལ་བྱེད་འཕྲུལ་འཁོར་ཞིག་ཡིན། ཡིན་ནའང་བུད་མེད་མང་པོ་ཞིག་གིས་ལུས་འབྲེལ་སྐབས་རང་ཉིད་ཀྱི་གཟུགས་བྱད་ལ་སེམས་ཁྲལ་བྱེད་ཀྱི་ཡོད། ཐ་ན་དེའི་དོན་གྱིས་གོས་ལོག་ཆ་ཚང་འཕུད་མི་འདོད་པ་དང་། དེས་མི་ཚད་ལུས་འབྲེལ་བྱེད་རྒྱུ་དང་ལེན་མི་བྱེད་པ་སོགས་ཡོད། བསམ་འཆར། བུད་མེད་ཚོས་ལུས་སྦྱོང་མང་ཙམ་བྱེད་པ་དང་། གཟུགས་པོ་འཁྲུད་རྗེས་གཟུགས་པོའི་པགས་པར་གསོ་སྲུང་ལ་སོགས་བྱས་ནས། རང་རྟོན་མཐོར་གཏོང་དགོས། གསུམ་པ། ཁ་ཁུ་སིམ་མིར་བསྡད་ནས་སྒྲ་མི་གྲགས་པ། ཁུ་སིམ་ནི་ལུས་འབྲེལ་གྱི་སྡང་དགྲ་ཡིན། ཧྥ་རན་སིའི་ནས་རྟོག་ཞིབ་བྱས་པའི་རྣམ་གྲངས་ཤིག་གི་ཐོག་ཤེས་རྟོགས་བྱུང་གསལ། བཟའ་ཟླས་སྒྲ་གཅིག་ཀྱང་མི་གྲགས་པར། ཁུ་སིམ་མིར་གནས་པ་ནི་སྐྱེས་པ་ཚོས་ཆེས་དང་ལེན་བྱེད་མི་ཐུབ་པའི་མངོན་ཚུལ་ཞིག་ཡིན། འདིས་ཕ་རོལ་པོར་བསྟན་པའི་ཤུགས་བསྟན་ཚིག་དོན་ནི་ “ང་ཁྱེད་ཀྱི་སྤྱོད་ཚུལ་ལ་དགའ་སྣང་ཏོག་ཙམ་ཀྱང་སྐྱེ་གི་མི་འདུག” ཟེར་བ་ཡིན། བསམ་འཆར། ལུས་འབྲེལ་སྐབས་ངེས་པར་དུ་སྒྲ་འདོན་དགོས། སྐད་སྒྲ་ཆུང་བའི་ན་སྐད་རྒྱག་པ་ཡིན་ནའང་འདྲ། ཡང་ན་སྟབས་བདེའི་བསྔགས་བརྗོད་ཙམ་ཞིག དེ་དག་ཚང་མ་ཕུན་སུམ་ཚོགས་པའི་འཁྲིག་སྤྱོད་འཚོ་བའི་འགྱུར་སྐུལ་རྫས་ཤིག་ཡིན། […]

རྩོམ་འཕྲོ་ཀློགས།


ཆང་ས་ནི་མི་ཚེའི་ནང་གི་ལས་དོན་གལ་ཆེ་ཤོས་ཤིག་དང་། མི་ཚེ་འགྱུར་ལྡོག་ཆེ་ཤོས་གཏོང་མཁན་ཞིག་རེད། ལྷག་པར་དུ་མི་ཚེའི་ནང་གི་འགན་འཁུར་ཆེ་ཤོས་དེ་འཁུར་དགོས་པའི་དུས་དེ་ཆགས་ཀྱི་ཡོད། དེ་ཡིན་དུས་ཁྱེད་ཀྱི་བཟའ་ཟླར་འགྱུར་རྒྱུའི་བུད་མེད་དེ་ནམ་ཡང་ཁྱེད་དང་འཆམ་མཐུན་ངང་མི་ཚེ་སྐྱལ་ཐུབ་ས་རེད་བསམ་པའི་ངེས་ཤེས་ཡོད་དགོས་པའམ། ཁོ་མོ་ནི་སོ་སོར་དགོས་པའི་བུད་མེད་དེ་རེད་འདུག་བསམ་པ་ཞིག་དགོས། གཤམ་ལ་མོ་རང་ཁྱེད་ཀྱི་མནའ་མ་ཡག་པོ་ཞིག་ཡོང་བའི་རྟགས་མཚན་ཆེ་ཤོས་བཅུ་ཡོད་པས་ནན་ཏན་བྱས་ནས་གཟིགས་རོགས།

རྩོམ་འཕྲོ་ཀློགས།


བུད་མེད་རྣམས་ལ་ཁུ་བ་ཡོད་མེད་ལ།.།ཐམས་ཅད་ཀུན་གྱི་བཤད་ཚུལ་མི་མཐུན་ཏེ།.།དགའ་བོ་མངལ་འཇུག་མདོ་དང་གསར་ཕྱོགས་ཀྱི།. །. རྒྱུད་སྡེ་རྣམས་ལས་ཁུ་བ་ཡོད་པར་བཤད།. །སློབབ་དཔོན་བ་དྷ་ར་བྱའི་རྗེ་འབྲངས་རྣམས།. །འཁྲིག་པ་སྤྱོད་ཚེ་མགོ་ནས་མཇུག་གི་བར།. །བུད་མེད་རྣམས་ལ་ཁུ་བ་འོང་ཞེས་བཤད།

རྩོམ་འཕྲོ་ཀློགས།


འདོད་ཆགས་སྤངས་ཟིན་པའི་གང་ཟག་ལ་ཆགས་སྲེད་བརྙན་རིས་ཀྱིས་ཆགས་པ་སློང་མི་ཐུབ་ལ། ཕལ་བའི་དབང་དུ་བྱས་ན་འཁྲིག་པ་ཐེངས་འགའ་སྤྱད་ཟིན་ནས་སླར་ཡང་འཁྲིག་པ་སྤྱོད་པའི་ནུས་པ་དང་བྲལ་བའི་སྐྱེས་བ་ཞིག་ལ་དགའ་རོགས་སམ་ཆུང་མས་འཁྲིག་པ་དོན་དུ་གཉེར་ནས་ཆགས་སྲེད་བརྙན་རིས་ཇི་ཙམ་སྟོན་ཡང་ཁོ་ལ་ཆགས་སེམས་སློང་བའི་རྒྱུ་རུ་འགྲོ་ཐུབ་པ་མིན། དེ་ནི་ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་” སྐབས་འགར་མཛེས་མ་མཐོང་ནའང་ཞེན་པ་ལོག་”གསུངས་པ་ལྟར་རེད། དེས་ན་སེམས་ལ་ཆགས་སྲེད་ཀྱི་དྲི་མི་དྲོ་བའི་སྐབས་དེར་འཛམ་གླིང་གི་ཁྱུ་མཚོག་བུད་མེད་དམར་ཧྲེང་གཅིག་དངོས་སུའམ་ཡང་ན་བརྙན་པར་སོགས་ཅི་ཞིག་མཐོང་རུང་མི་དེ་འདོད་ཆགས་ཀྱི་ཀློང་དུ་འཛུད་ཐུབ་པ་མིན།

རྩོམ་འཕྲོ་ཀློགས།


བུ་མོ་ཕལ་ཆེར་ཚོར་བ་དམ་དྲག་པས།།
འཁྲིག་པའི་བདེ་བ་ཐོབ་རྒྱུ་ཅུང་ཙམ་དཀའ།།
མོ་ཡི་ཚོར་བའི་གཏིང་ཚད་མ་ལོན་པར།།
འཁྲིག་སྤྱོད་རྫོགས་ནས་བདེ་བ་ཤོར་བ་མང་།།

སྔོན་ནས་ད་བར་འཁྲིག་པ་སྤྱད་སྤྱད་ཀྱང་།།
འཁྲིག་བདེའི་ཚོར་བ་གཅིག་ཀྱང་མ་མྱོང་ཞེས།།
ཁོ་བོས་ལུས་འབྲེལ་བྱས་པའི་བུ་མོ་དང་།།
གྲོགས་འབྲེལ་ཡོད་པའི་བུ་མོ་རེ་འགས་སྨྲ།།

རྩོམ་འཕྲོ་ཀློགས།


གསེར་གཉའ་བུ་གུའི་མཚན་མངའ་བ།།
ལྷ་མོ་གཽ་རིའི་ཞབས་ལ་འདུད།།
རང་བྱུང་མཇེ་རྒོད་ཞབས་ལ་རོལ།།
དབང་ཕྱུག་ཆེན་པོས་བདག་སྲུངས་ཤིག།
གང་ལ་བརྟེན་ན་མི་བསླུ་བས །།
མཇེ་གཉའི་རྩོད་སྒྲུང་འབྲི་བ་ལ།།
འདོད་པའི་ངག་རིག་བསྩལ་ཏུ་གསོལ།།
འཇིག་རྟེན་སྐྱེ་བོ་ཡོད་དོ་ཅོག།
བྱ་ལས་འདི་ལ་ངང་གིས་སྤྲོ།།
ཕྱི་རོལ་རྫི་དང་ངོ་ཚ་ཡིས།།
འཁྲིག་པའི་གནས་ལ་རྨོངས་བར་གྱུར།།
ཆགས་པའི་གསང་བ་བསྔོགས་མཁས་བ།།
ནུབ་གླིང་མཁས་བ་སྙིང་ནས་བསྟོད།།

རྩོམ་འཕྲོ་ཀློགས།


མགོ་ཡི་སྐྲ་ལོའི་ཉིལ་སྟངས།།
གདོང་ལ་བྲབ་ན་བསམ་ས།།

མིག་གཉིས་ལྟ་སྟངས་ཞེད་པོ།།
གློ་སྙིང་ཁུར་སོང་བསམ་ས།།

ངོ་ཤ་སྨིན་ལུགས་ཡག་མོ།།
འགྲམ་ོར་གླན་འཇོག་བསམ་ས།།

མཆུ་སྒྲོས་ཟིམ་སྟངས་ཞིམ་པོ།།
ཁམ་གང་བྱེད་བཞག་བསམ་ས།།

རྩོམ་འཕྲོ་ཀློགས།


འཇིག་རྟེན་སྡུག་གི་འཁོར་བ་ལ།།
བདེ་བ་བརླ་ཡི་བར་ན་ཡོད།།
བདེ་ཅན་སྟུ་ཡི་སྒོ་འགྲམ་ན།།
བདེ་འདོད་མི་རྣམས་ཚང་ཁ་ཆེ།།
སྟུ་ནི་ལུང་པའི་སྤྱི་དགྲ་རེད།།
རྒྱལ་པོའི་རྒྱལ་གཞིས་དེ་ཡིས་གཏོར།།
བློན་གྱི་བློ་དཀར་དེ་ཡིས་དཀྲུག།
སྤྲང་པོའི་རྩམ་ཁུག་དེ་ཡིས་འཕྲོག།

རྩོམ་འཕྲོ་ཀློགས།


༼ཀ༽

སྐྱེས་བའི་མིག་ལ་བུད་མེད་དང་།།

བུད་མེད་མིག་ལ་སྐྱེས་པ་མཛེས།།

འདི་ནི་ཕོ་མོའི་མཛའ་བ་སྟེ།།

འདོད་པ་ཀུན་གྱི་མཆོག་ཀྱང་ཡིན།།

དེ་ལ་ཆགས་ཤིང་ཞེན་པ་ཡི།།

འགྲོ་བ་ཀུན་གྱི་རྒྱུ་གཅིག་པུའི།།

ལུས་རྟེན་ཐོབ་ཅིང་རྙེད་པ་ནི།།

བདག་ཅག་ཀུན་གྱི་བསོད་ནམས་འདྲ།

རྩོམ་འཕྲོ་ཀློགས།


རྒུན་ཆང་མངར་མོས་དབང་རྩ་སྦྲིད་དུས་འདོད་པའི་སྤུ་ལོང་ལང་ཙམ་གཡོ་ཙམ།།
སྟོན་རླུང་བསིལ་མོ་བཞིན་ལ་ཕོག་དུས་ལུས་སེམས་གཉིས་པོ་ཡོམ་ཙམ་འཕྱོ་ཙམ།།
མཚམས་སྤྲིན་དམར་པོའི་འཛུམ་ཞལ་ངོམ་དུས་དགའ་མའི་ཞལ་རས་དྲན་ཙམ་དུང་ཙམ།།
སེམས་དང་བསམ་པ་གཅིག་ཏུ་འདྲེས་དུས་ཚོར་བ་དེ་ཉིད་འཐོར་ཙམ་རྒྱལ་ཙམ།།

འདོད་སྲེད་མེ་ལྕེ་དམར་པོ་འབར་དུས་ཉལ་ཆས་འདི་ཡང་འཚིག་ཙམ་བསྲེགས་ཙམ།།
འཐམ་དང་འཁྱུད་པའི་བྱ་བར་བྲེལ་དུས་ཉལ་ཁེབ་དག་ཀྱང་རལ་ཙམ་ཆད་ཙམ།།
སོ་དང་སེན་མོ་ཤུགས་ཀྱིས་འདེབས་དུས་འདོད་པའི་རི་མོ་མངོན་ཙམ་གསལ་ཙམ།།
ཆགས་པའི་འཁུན་སྒྲ་བར་མེད་ཤོར་དུས་མཚན་ལྗོངས་འདི་ཡང་འུར་ཙམ་ལྡིར་ཙམ།།

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up