ལྷ་མོ་ཨུ་མའི་འདོད་པ་སྐོང་བྱེད་ཅིང་།།
འདོད་ལྡན་རིཊ་ལ་རྟག་ཏུ་སྐྱབས་མཛད་པའི།།
ལྷ་ཆེན་དབང་ཕྱུག་དེ་རིང་འདི་རུ་ཤོག།
བོད་ལ་ཅུང་ཙམ་ཐུཊ་རྗེས་གཟིགས་དགོས་འདུག།

འདོད་སྤྱོད་མ་ཤེས་བདེ་བ་ཤོར་ནས་འདུག།
བདེ་བ་མ་ཐོབ་སྡུག་བསྔལ་མྱང་ནས་འདུག།
ཕོ་གཞོན་མོ་གཞོན་ལང་ཚོ་རྫོགས་ནས་འདུག།
མྱུར་མོར་ཡོང་རོགས་འདོད་པའི་ལྷ་ཆེན་ལགས།།

རྩོམ་འཕྲོ་ཀློགས།


དམྱལ་བ་སྔོན་ལྡན་གྱི་རྟོགས་བརྗོད།
མདོ་ལས།
དགའ་རོགས་ཐུག་ཆེད་དྲིན་ཆེན་ཨ་མ་བསད།།
སྡིག་པ་ལྕི་བས་དམྱལ་བའི་གཏིང་དུ་ལྷུང་།།

སྔོན་གྲོང་ཁྱེར་མཉན་ཡོད་དུ་ཁྱིམ་བདག་སྲིད་པའི་གོ་ཆ་ཞེས་བྱ་བ་ཞིག་བྱུང་། ཕ་མ་རིགས་མཐོ་བས་བུ་འདི་རེིགས་རྒྱུད་འཛིན་མཁན་ཞིག་ཡོང་བའི་རེ་བས་གཅེས་པར་བསྐྱངས། དེ་ནས་ཕ་ཚེ་ལས་འདས་པའི་རྗེས་མ་ཡིས་བྱམས་པས་བསྐྱངས། འདི་ཆེན་པོ་ཆགས་ནས་ཁྱིམ་མཚེས་གྲོགས་པོ་མཆམ་པོ་ཞིག་དང་མཉམ་རྟག་ཏུ་དགའ་རྩེད་ལ་རོལ། ལང་ཚོ་རྒྱས་པས་གླང་ཆེན་སྨྱོན་པ་ལྟར་སྤྱོད་ལམ་ངན་དུ་སོང་ནས་གང་སར་འཁྱམས་ཤིང་གྲོང་དུ་ཕྱིན་པས་བུ་མོ་མཛེས་མ་ཞིག་དང་འཕྲད་ནས་ཕན་ཚུན་སེམས་ཆགས་ཏེ་བུ་མོས་མེ་ཏོག་འཕངས་པ་སྲིད་པའི་གོ་ཆའི་མགོ་ལ་ཕོག་པ་སོགས་གྲོགས་པོས་མཐོང་བས་བསམ་པར།

རྩོམ་འཕྲོ་ཀློགས།


བཀུར་འོས་པའི་བོད་ཕྱི་ནང་གི་རྒྱ་ཆེའི་ཆང་ས་དྲ་དེབ་ཀློག་མཁན་ལགས། ཆང་ས་ལོ་དེབ་ནི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་འཐོབ་བཞིན་པའི་ལོ་དེབ་ཅིག་ཡིན་པར་མ་ཟད། ཆང་ས་ལོ་དེབ་འདོན་ཐེངས་དང་པོ་དང་གཉིས་པ་གཉིས་ཀ་རྒྱ་གར་གཙོས་ཨ་རི་དང་སིད་སི། ཧྥ་རན་སི། ཨོ་སི་ཊི་ལི་ཡ། བོད་དང་བལ་ཡུལ། འབྲུག་བཅས་སུ་འགྲེམས་ཚོང་བྱས་ཡོད། དེ་བཞིན་དུ་གློག་རྡུལ་མ་ཡིག་ (PDF) བརྒྱུད་ནས་བོད་གཞིས་བྱེས་གཉིས་ཀྱི་གློག་མཁན་མི་ཉུང་བ་ཞིག་གིས་དྲ་ཐོག་ནས་ཀྱང་བཀླགས་དང་ཀློག་བཞིན་ཡོད།
དེར་བརྟེན་ང་ཚོས་ཆང་ས་ལོ་དེབ་གསུམ་པ་ཡང་སྔོན་མ་དང་འདྲ་བར་དུས་དེབ་ཚོན་ཁྲ་ཅན་དང་སྤུས་ལེགས་ཤིག་དཔར་སྐྲུན་བྱ་རྩིས་ཡོད་པས་སྐུ་ཉིད་ལ་གླ་ཡོད་གསལ་བསྒྲགས་གང་འདྲ་ཞིག་ཡོད་རུང་ངེད་ལོ་དེབ་ཏུ་བསྐུར་ཚེ།

རྩོམ་འཕྲོ་ཀློགས།


འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་སྟེ་བོད་ཁ་བ་ཅན་གྱི་མི་རྣམས་ནི། རང་བཞིན་གྱིས་གཤིས་རྒྱུད་དྲང་ཞིང་འཇམ་ལ། དམ་པའི་ཆོས་ཀྱི་སློབ་གསོ་དང་ནང་སེམས་ཀྱི་དད་པའི་དབང་གིས་སེམས་ཅན་གཞན་ལ་བྱམས་བརྩེ་འཆང་མཁན་ཤ་སྟག་ཡིན་ལ། ལྷག་པར་དུ་བོད་ཀྱི་བུད་མེད་རྣམས་ནི་ཁྲེལ་དང་ངོ་ཚའི་གོས་བཟང་བཀླུབས་ཤིང་། བག་ཡོད་ཞི་དུལ་གྱི་རྒྱན་གྱིས་མཛེས་པར་བརྒྱན་པ་དང་། དུས་རྒྱུན་ངག་ཏུ་རྗེ་བཙུན་སྒྲོལ་མའི་གསོལ་འདེབས་འདོན་པའི་ཡ་རབས་ཚུལ་ལྡན་གྱི་མ་ཡུམ་འབའ་ཞིག་ཡིན།
དེ་བས། བོད་ཀྱི་བུད་མེད་ཅིག་ཡིན་ཚེ། ཕལ་ཆེར་གྱི་མིང་ལ་“སྒྲོལ་མ”ཞེས་འབོད་ཅིང་། རྗེ་བཙུན་སྒྲོལ་མའི་མཚན་གྱི་བྱིན་རླབས་ཀྱིས་ཁོ་མོ་ཚོའི་ལུས་ངག་ཡིད་གསུམ་ལ་གཞན་དང་མི་འདྲ་བའི་ཀུན་སྤྱོད་དང་བསམ་བློའི་མཛེས་སྡུག་ཅིག་བསྣན་ཡོད།

རྩོམ་འཕྲོ་ཀློགས།


མདང་དགོང་ཆུ་ཚོད་ ༧ སྟེང་བོད་ཀྱི་ཟློས་གར་ཁང་གི་རྩེད་ཐང་དུ་ཕྱི་ལོ་ ༢༠༡༦ ལོའི་བོད་ཀྱི་མཛངས་མའི་དངོས་གཞིའི་འགྲན་སྡུར་ཚོགས་ཏེ། འགྲན་ཞུགས་བུ་མོ་བཞིས་བོད་ཀྱི་ཐུན་མོང་མ་ཡིན་པའི་གྱོན་གོས་འགྲན་སྡུར་དང་དྲི་བ་དྲིས་ལན་སོགས་བརྒྱུད། མ་ན་ལེ་གཞིས་གྲོང་ནས་ཡིན་པའི་བུ་མོ་བསྟན་འཛིན་སང་ཉི་ལགས་ལ་ཨང་དང་པོའི་རྒྱལ་ཁ་ཐོབ་ཏེ་བོད་ཀྱི་མཛངས་མའི་དབུ་རྒྱན་དཀྲིས་ཡོད་པ་རེད།

རྩོམ་འཕྲོ་ཀློགས།


རང་ཉིད་ཀྱིས་མྱངས་ཟིན་པའི་འདས་སོང་གི་གཏམ་རྒྱུད་བཤད་རྒྱུ་དེ་ང་ལ་མཚོན་ན་ལས་སླ་བོ་ཞིག་གཏན་ནས་མ་རེད། འོན་ཀྱང་། བདག་གིས་བོད་རིགས་བུད་མེད་ཚོའི་ན་ཟུག་དང་མིག་ཆུའི་ཉམས་མྱོང་གཏམ་རྒྱུད་འདི་དང་འདི་ལྟ་བུ་དག་བོད་མི་གང་མང་མང་ཞིག་གིས་ཤེས་རྟོགས་དང་བསམ་ཤེས་དགོས་པའི་ཡིད་ཆེས་དང་རེ་བ་ཆེན་པོ་བྱེད་བཞིན་ཡོད། བོད་མི་མང་བོ་ཞིག་གིས་བོད་ཀྱི་སྤྱི་ཚོགས་ལ་སྐྱེས་མའི་རིང་ལུགས་ཀྱི་ལུས་འགུལ་འདི་དག་དགོས་མཁོ་མེད་པར་འདོད་བཞིན་ཡོད་ལ།

རྩོམ་འཕྲོ་ཀློགས།


ངེད་ཅག་སྤྲོ་བ་དང་དགའ་ཕྱོགས་གཅིག་ལ་ཞེ་འཁྲེང་བས་ལྷན་དུ་འཛོམས་ཤིང་ལམ་ག་དེའི་སྟེང་ནས་ངན་ངོན་གྱི་གནས་བབ་འདི་ཐེག་སྟེ་ལམ་ལ་བུད་སོང་། སེམས་ཀྱི་དགའ་བ་དང་སྐྱོ་བ་ལྷན་དུ་བསྲེས་ནས་ཡིད་ངོས་ཀྱི་རྟོག་པའི་ལག་རྩལ་ཕུད་དེ་ཐ་སྙད་ཀྱི་སྐུད་རྡང་ཕྲེང་བར་བརྒྱུས། ལོ་དང་ཟླ་བ་ཁད་ཀྱིས་བཞུད་འགྲོ་བ་དང་སྙིང་ཉེ་བའི་མི་རྣམས་དང་ཆུང་འདྲིས་ཀྱི་རི་ཆུ་ལ་རྒྱང་ལྟ་ཡང་ཡང་བྱས།

རྩོམ་འཕྲོ་ཀློགས།


འུ་ཅག་བོད་ཀྱི་ཁ་དཔེ་རུ༼ཁྱིམ་ཆུང་མ་རང་གི་དམན་ཞིག་དགོས༽ཟེར་རྒྱུ་ཞིག་ཡོད་པ་སུས་ཀྱང་ཐོས་ཡོད་སྲིད་ལ་རླབས་ཆེ་བའི་སྐྱེས་པ་དག་གིས་ཀྱང་སྤྱི་འགྲོས་འདིའམ་ཚད་ཐིག་འདི་བཟུང་ནས་རང་རང་གི་ཆུང་མ་བདམས་ཡོད་པའང་མང་པོ་སྲིད་རྒྱུ་རེད།

ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཁུལ་བྱས་པའི་ཕྱི་ལོར་ཕ་ཡུལ་གཅིག་པའི་གྲོགས་པོ་ཞིག་གིས༼གལ་སྲིད་ཁྱོད་གཉེན་སྒྲིག་མེད་ན་ད་ནི་རང་ས་ནས་ཁྱོ་ག་འཚོལ་རྒྱུ་ཤིན་ཏུ་དཀའ་མོ་ཡིན་ནི་རེད། གང་ལྟར་ང་ལྟ་བུ་ཞིག་ཡིན་ན་ཁྱོད་རང་ཆུང་མར་མི་བསུ་ཐག་ཆོད་ཡིན༽ཟེར། ཧ་མ་གོ་བར་རྒྱུ་མཚན་དྲིས་པར་ཁོས༼ཁ་དཔེར་ཁྱིམ་ཆུང་མ་རང་གི་དམན་ཞིག་ཟེར་བ་ཐོས་མ་མྱོང་ངམ༽ཟེར་ནས་གད་མོ་ལྷུག་ལྷུག་བགད་བྱུང་།

རྩོམ་འཕྲོ་ཀློགས།


——— བོད་ཀྱི་བུད་མེད་ཅིག་གི་ཡ་ང་བའི་དངོས་བྱུང་གི་གཏམ་རྒྱུད་རིང་མོ།

རྩོམ་པ་པོ། ཀུན་བཟང་སྒྲོལ་མ། བོད་བསྒྱུར་པ། དམ་ཆོས་བསམ་འཕེལ།

ཚན་བཤུས་དང་པོ།

རྩོམ་འཕྲོ་ཀློགས།


ཚན་བཤུས་གཉིས་པ།

རྩོམ་པ་པོ། ཀུན་བཟང་སྒྲོལ་མ། བོད་བསྒྱུར་པ། དམ་ཆོས་བསམ་འཕེལ།

ཡ་ང་བའི་དོན་རྐྱེན་དེ་བྱུང་ནས་ཡུན་རིང་མ་འགོར་བར་ང་ཡང་བསྐྱར་དོན་རྐྱེན་དེ་དང་གཅིག་མཚུངས་ཀྱི་གནས་སྟངས་གཞན་ཞིག་གི་ནང་དུ་ལྷུང་བྱུང་། ངའི་གྲོགས་མོ་སློབ་གྲྭ་ནས་ཐོན་ཏེ་མོ་རང་གི་དགའ་རོགས་དང་མཉམ་དུ་ཟ་ཁང་ཞིག་གི་ནང་དུ་ལས་ཀ་ལས་ཀྱིན་ཡོད་པས་ཉིན་ཞིག་ང་ཐུག་འཕྲད་དུ་ཕྱིན་པ་ཡིན། ཟ་ཁང་གི་སྒོ་བརྒྱབ་པ་དང་སྤྱིན་བདག་སྔ་པོ་ནས་ལོག་ཕྱིན་སོང་། ངའི་གྲོགས་མོའི་དགའ་རོགས་ཟ་ཁང་ནང་ན་གནས་སྡོད་བྱས་ཡོད་སྟབས་ཁོ་རང་གིས་ང་ཚོར་ཁ་ལག་བཟོས་ནས་སྤྲད་སོང་

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up