imageཁྱོད་ནི་ “གངས་རིའི་བུ་མོ་” སྟེ། འུ་ཚང་གི་ཡ་ཆུང་སེམས་ཀྱི་དྲོད་ཐིག་དང་མ་ཆུང་ཁོག་གི་སྙིང་ཆུང་ཡིན། ཁྱོད་ནི་བོད་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་དང་མི་རེ་རེའི་སེམས་སུ་ནམ་ཡང་རྟག་བརྟན་དུ་གནས་སྲིད་པའི་རྡོ་རིང་ཞིག་ཡིན། ཁྱོད་རྟག་ཏུ་རྒྱལ་གྱུར་ཅིག གངས་རིའི་བུ་མོ་རྒྱལ་གྱུར་ཅིག ཆོས་དབྱངས་སྐྱིད་རྒྱལ་གྱུར་ཅིག བོད་རྒྱལ་གྱུར་ཅིག 

རྩོམ་འཕྲོ་ཀློགས།


དེང་སང་གི་བོད་ཀྱི་འཚོ་བའི་ཁྲོད་ལྷག་པར་དུ་སློབ་ཆེན་གྱི་འཚོ་བའི་ཁྲོད། བུད་མེད་རྣམས་ཀྱིས་རང་གིས་རང་ལ་རེ་བ་ནན་པོ་མི་བཅོལ་བ་དང་ཤེས་བྱ་སྦྱོང་བར་སྤྲོ་སྣང་དེ་ཙམ་མེད་པ། ཟང་ཟིང་གི་ལོངས་སྤྱོད་དང་ཕྱི་ལུས་ཀྱི་རྣམ་པའི་མཛེས་བཟོ་ཁོ་ནར་དོ་སྣང་བྱེད་པ་ལས། བོད་རིགས་སྲོལ་རྒྱུན་མཛངས་མའི་ཡོན་ཏན་རྒྱུད་འཛིན་དང་དར་སྤེལ་གཏོང་བར་དེ་ཙམ་སྣང་འཇོག་་མི་བྱེད་པའི་རྣམ་པ་ཞིག་ཐོན་དང་ཐོན་མུས་སུ་མཆིས། བོད་རིགས་བུད་མེད་ཀྱི་སྤྱོད་ཚུལ་ཉམས་ཞན་དུ་འགྲོ་བ་དང་། བོད་རིག་པའི་རིག་གཞུང་དཔྱད་སྟེགས་ཐོག་བུད་མེད་ཀྱི་མཁས་དབང་ཅུང་ཉུང་བའི་སྣང་ཚུལ་དེ་རིང་ཁ་སང་གི་འཚོ་བའི་མེ་ལོང་དངོས་ལས་མཐོང་ཐུབ། གནས་ཚུལ་འདི་འདྲའི་འོག རང་རེ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་མི་རིགས་ཀྱི་མ་འོངས་ལས་དབང་ལ་བསམ་གཞིགས་བྱེད་མཁན་གྱི་བོད་རིགས་བུད་མེད་ཅིག་ཡིན་ན། ངེས་པར་དུ་དཔེ་ཀློག་ལས་དོན་ལ་ཤུགས་སྣོན་བྱས་ཏེ་རང་གི་བློ་སྦྱོང་ཚད་གོང་མཐོར་གཏོང་ཐབས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་ཤིག་ཏུ་མཐོང་། “ཨབ་རས་མཐེབ་ཚོད་ན་སྤེན་པའི་མདའ་གཞུ”ཞེས་པའི་དཔེ་ལྟར་བུད་མེད་ཞིག་ལ་མཚོན་ན། དཔེ་ཀློག་ནི་ཇི་འདྲའི་གལ་འགངས་ཆེན་པོ་ཡིན་པའི་སྐོར་རང་བློས་གང་དཔོག་གིས་མདོར་ཙམ་ཞུ་རྒྱུ་ཡིན།

རྩོམ་འཕྲོ་ཀློགས།


[caption id="attachment_1909" align="alignleft" width="200"]Winner of the Miss Tibet Pageant 2016  Tenzing Sangnyi receiving winner's cheque from sponsor Jangchup Nyendak as Director Lobsang Wangyal looks at Tipa, McLeod Ganj, on 5 June 2016. བོད་མི་རིགས་དངོས་གནས་ཟེར་བ་དེ་ཡང་སྙིང་ག་འདྲ་ཞིག་ལ་གོ་དགོས། ཆོས་ལུགས་དང་དད་མོས། ས་ཁོངས་དང་ཁྲག་རྒྱུན། ལོ་རྒྱུས་དང་ཆབ་སྲིད། ད་དུང་སེམས་པ་བཟང་མིན་དང་། མི་དྲང་བོ་ཡིན་མིན་སོགས་རྒྱུ་མཚན་བྱེ་བྲག་པ་ཞིག་གིས་ཡོངས་ཁྱབ་རང་བཞིན་གྱི་སྒོ་ནས་བོད་མི་རིགས་དངོས་གནས་ཡིན་མིན་ནམ་ཡང་མཚོན་མི་ཐུབ། འོན་ཀྱང་། བོད་མི་རིགས་ཚང་མར་ཐུན་མོང་གིས་ཡོད་པའི་ངོ་བོ་གཅིག་ཡོད་པ་དེ་ནི། བོད་ཀྱི་ཐུན་མོང་གི་སྐད་ཡིག་དང་།སྐད་ཡིག་དེ་ལ་བརྟེན་པའི་བོད་མིའི་ཐུན་མོང་གི་སྤྱི་ཚོགས་རིག་གནས་འདུ་ཤེས་ཀྱི་བསམ་བློ་དེ་གཉིས་ཡིན། དེ་ཡང་མཐར་གཏུག་ནས་བཤད་ན། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་ཐུན་མོང་བསམ་བློའི་འདུ་ཤེས་ཀྱི་རྨང་གཞི་ཡིན། གལ་སྲིད། ཕ་མའི་ཁྲག་རྒྱུན་ཙམ་བོད་རིགས་ལས་སྐྱེས་པ་ཞིག་ཡིན་ནའང་། ཁྱེད་རང་ལ་བོད་ཀྱི་སྐད་ཡིག་དང་དེ་ལ་བརྟེན་པའི་བོད་ཀྱི་ཐུན་མོང་སྤྱི་ཚོགས་འདུ་ཤེས་ཀྱི་བསམ་བློ་ཡང་མེད་ཚེ། ཁྱེད་ཀྱིས་ཇི་ལྟར་རང་ཉིད་བོད་རིགས་ངོ་མ་ཞིག་ཡིན་པ་བསྒྲུབ་རྒྱུ་ཡིན།

རྩོམ་འཕྲོ་ཀློགས།


wecha-logo-11-22ང་། “ཨ་རོགས་ཚོ། ངའི་ཨ་མ་སླེབས་བྱུང་ངམ། ངས་ད་ཅི་ནས་བསྒུགས་བསྡད་པ་ཡིན།”
སྤུན་ཆུང་། “སླེབས་བྱུང་། ད་ཁྱོད་ཀྱིས་ཤོད་དང་ཨ་མས་འདི་ན་ང་དང་མཉམ་དུ་ཉན་བསྡད་ཡོད།”

རྩོམ་འཕྲོ་ཀློགས།


my self 1ཉེ་ལམ་ནས་ངས་རང་གི་ངོ་དེབ་གཙང་བཟོ་བྱེད་ཀྱིན་པའི་སྒང་ཡིན། གང་ཡིན་ཟེར་ན། ཆ་སྙོམ་བྱས་ན་ཆེས་ཉུང་མཐར་ཉིན་རེར་ངའི་ངོ་དེབ་ལ་སྦྲེལ་མཁན་མི་གསུམ་རེ་རྒྱུན་ཆད་ཀྱི་མེད། སྐབས་རེར་ལས་བྲེལ་གྱི་དབང་གིས་དུས་ཡུན་གང་འཚམ་ལ་ངོ་དེབ་སྔོག་ཁོམ་མ་བྱུང་ཚེ། སྦྲེལ་མཁན་བང་བསྒྲིག་སྟེ་རེ་རེ་བཞིན་མིང་ཅི་ཡིན་དང་མི་སུ་ཡིན། ས་གནས་གང་ཡིན་དང་ལས་རིགས་ཅི་ཡིན་སོགས་ཞིབ་བཤེར་བྱ་དགོས་ན་ཡུན་རིང་དགོས། དེ་ནི་དུས་ཚོད་འཕྲོ་བརླག་ཏུ་གཏོང་བ་ཙམ་དུ་ཟད་པས། ངས་རྒྱུན་པར་སྟབས་བདེའི་མིག་བཤེར་ཙམ་རེ་བྱས་རྗེས་བོད་རིགས་ཕལ་མོ་ཆེ་དང་ལེན་བྱས་པ་ཡིན། དེར་བརྟེན་དེང་སྐབས་ངའི་ངོ་དེབ་ནང་གྲོགས་པོ་བཞི་སྟོང་ལྷག་ཡོད།

རྩོམ་འཕྲོ་ཀློགས།


lhumotsoཀླུ་མོ་མཚོའི་བརྙན་ཐུང་མ་མཐོང་བའི་སྔོན་དུ་ངས་ཁོ་མོས་གནའ་མཁར་ཟི་ལིང་ནས་བྲིས་པའི་གསལ་བརྡ་དེ་མཐོང་བྱུང་། ད་ལྟ་བལྟས་ཡོང་ན་གསལ་བརྡ་དེ་རུ་ཅི་ཡང་མ་བཤད་པའམ། ཡང་ན་ཅི་ཡང་མ་ཤོད་པའི་སྣང་བ་ཞིག་འདུག
ཨ་རིག་སྒྲོལ་མ་སྐྱབས་ཀྱིས་བརྩམས་པའི་ལྷིང་འཇགས་མེད་པའི་ཧི་མ་ལ་ཡའི་ནང་དུ་ “བོད་མི་རྣམས་གཞན་གྱིས་མི་ཐུབ་མོད། རང་ཉིད་ཀྱིས་རང་ཉིད་མེད་པར་བཟོ།” ཞེས་པ་ལྟར། བོད་ནི་གདོད་མ་ནས་ཕྱི་དགྲ་ལ་བསྐོར་ན་ཝ་མོ་ཁུང་འཛུལ་འདྲ་ཞིག་ཡིན་རུང་། ནང་གི་གཉེན་ལ་བསྐོར་ན་སྟག་མོ་ནགས་ལ་མཆོང་མཆོང་བྱེད་པ་ཡིན་ཏེ། ང་རྒྱལ་དང་ཕྲག་དོག འགྲན་སེམས་ཀྱིས་ནམ་ཡང་སུ་ཞིག་འབུར་འཇོམ་གཏོང་འདོད་དང་མེད་པར་བཟོ་སེམས། གཉའ་ནས་གནོན་ཐབས། རྩ་ནས་བརླག་རྒྱུ་འབའ་ཞིག་ལ་གཞོལ་བ་ཡིན།

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up