Dollarབརྩེ་རྡོ།

ཀྲུང་གོ་བ་ནི་སྒོར་མོ་བསོགས་པར་དགའ། ནུབ་གླིང་བ་ནི་སྒོར་མོ་སྤྱོད་པར་གོམས། ཡ་ཧུ་ད་པ་ནི་ད་གཟོད་ཁེ་སྤོགས་ལེན་པར་མཁས། ཡ་ཧུ་ད་པས་བསམ་ན། ཤེས་རབ་ལ་བརྟེན་ནས་ཁེ་སྤོགས་ལེན་པ་ནི་ད་གཟོད་དོན་དམ་གྱི་ཕྱུག་འགྱུར་ཐབས་ལམ་ཡིན་པར་འདོད། རྩོམ་ཚན་འདིའི་ཡ་ཧུ་ད་པས་གཞན་ལ་ཤེས་སུ་མི་འཇུག་པའི་ཁེ་སྤོགས་ལེན་ཐབས་ཀྱི་གསང་བ་བཅུ་ཤེས་པར་བྱེད་དོ།

འཇིག་རྟེན་ཐོག་ན་འདི་འདྲའི་མི་ཚོགས་ཤིག་ཡོད་དེ། ཁོ་ཚོ་ནི་ཆེས་སྤྱང་གྲུང་ལྡན་པ་དང་། ཆེས་ལས་ལ་བརྩོན་པ། ཆེས་དཀའ་ལས་བཟོད་ཐུབ་པ་བཅས་སོ། ཁོ་ཚོ་ནི་འཛམ་གླིང་གི་མི་གྲངས་བསྡུར་ཚད་ལས0.3%་མི་ཟིན་ཡང་། ཁོ་ཚོས་འཛམ་གླིང་དཔལ་འབྱོར་གྱི་སྲོག་རྩ་བདག་དུ་བཟུང་ཡོད་ལ། ནོ་བྷེར་བྱ་དགའི17%ཁོ་ཚོར་ཐོབ་ཡོད། མ་ཟད་འཛམ་གླིང་གི་རྒྱུ་ནོར30%ཁོ་ཚོའི་ལག་ཏུ་ཡོད་དོ། འོ་ན་ཁོ་ཚོ་ནི་སུ་རེད་དམ། ཁོ་ཚོ་ནི་ཡ་ཧུ་ད་པ་ཉིད་དོ།

རྩོམ་འཕྲོ་ཀློགས།


བཟང་བསྟོད་སློབ་གསོ་དང་སྐྱོན་བརྗོད་སློབ་གསོ་གང་ཞིག་བཟང་མིན་དེ།ནམ་དུ་ཡང་བྱིས་དུས་སློབ་གསོའི་བརྗོད་གཞི་གལ་ཆེན་ཞིག་ཏུ་ཆགས་ཡོད་ཀྱང་།སྐབས་དང་སྐབས་སུ་བྱིས་པས་དང་ལེན་བྱེད་སླ་བའི་ཐབས་ཤེས་དེ་ནམ་ཡང་སློབ་གསོའི་ཐབས་ཤེས་ཡག་ཤོས་སུ་ངས་ལྟ།

རྩོམ་འཕྲོ་ཀློགས།


ལོ་རྒྱུས་ཀྱི་དེབ་ཐེར་ཁག་ལ་འཁོད་པར་གཞིགས་ན། གནའ་རབས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་དར་དམར་པོའི་ལ་ཐོད་བཞེས་པ་སོགས་ཀྱང་བཤད་ལ། ཟ་འོག་གི་བེར་དང་ལྷམ་སྣ་འཁྱིལ་བཞེས་པ་དང་སྟོད་མངའ་རིས་ལ་དྭགས་སུ་ཆོས་རྒྱལ་གྱི་གདུང་རྒྱུད་དུ་གྲགས་པ་རྣམས་ཀྱིས་ལོ་གསར་སོགས་ཀྱི་སྐབས་སྔོན་གྱི་ཆས་ཡིན་ཟེར་ནས་ཞྭ་དམར་བཙན་ཞྭའི་དབྱིབས་ཅན་རྩེ་མོ་མཐོ་ཞིང་ཕྲ་བའི་གཡས་ཟུར་དུ་ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་དར་དམར་གྱིས་བཅིངས་པའི་ལྷག་མ་མདུན་ནས་བསྣོལ་བསྒྲིགས་ཏེ་གྱོན་པར་བྱེད། བློན་ཆེན་རྣམས་ཀྱང་ཕལ་ཆེར་རྒྱལ་པོའི་ཆས་འདྲ་བ་དང་། དམག་དཔོན་རྣམས་སྟག་པགས་གྱོན་པར་བྱེད་ལ་དམག་དཔོན་ཆེ་གྲས་རྣམས་ཀྱིས་སྟག་དཀར་པོའི་པགས་པ་གྱོན། གཟིམ་འགག་ཚོས་འཁྱེར་བའི་འབོག་ལྕག་གམ་སྟག་གི་ཐོག་བུ་བྱ་བ་འདི་ཡང་ཁྲི་སྲོང་གི་དུས་སུ་དཔའ་བོ་རྣམས་ལ་བསྩལ་བའི་ཆས་སུ་གྲགས། སྐབས་དེ་དུས་ནས་བོད་མི་རྣམས་གསེར་དངུལ་གྱི་རྒྱན་ལ་གཅེས་སྤྲས་ཆེ་ཞིང་རིགས་མཐོ་དམན་གྱི་ཁྱད་པར་མི་སོ་སོའི་དཔུང་པའི་སྟེང་ན་མཚན་མ་བཏབ་ནས་སྣང་།

རྩོམ་འཕྲོ་ཀློགས།


བོད་མིའི་གཙོ་བོའི་ཟ་ཆས་ནི་རྩམ་པ་དང་། གྲོ་ཞིབ། འབྲས་བཅས་ཡིན་ཞིང་། བཏུང་བ་གཙོ་བོ་ནི་ཇ་སྲུབ་མ་དང། ཇ་ཐང་། ཇ་མངར་མོ། ཆང་བཅས་ཡིན། རྩམ་པ་ནི་ནས་སྲན་སོགས་བརྔོས་ནས་ཕྱེ་མར་བཏགས་པ་ཡིན་པས་དེ་ནི་གྲོ་ཞིབ་དང་འབྲས་ལྟ་བུའི་ཟས་རྗེན་པ་མ་ཡིན་སྟབས་མེ་བཏང་ནས་བཙོ་མི་དགོས་པར་ཇ་ཆང་ངམ་ཐ་ན་ཆུ་ཁོལ་གྱི་སྤགས་ཁུ་ཕྲན་ཙམ་བྱུང་ན་ལག་སོར་གྱིས་གཡོས་ཏེ་འཕྲལ་འཕྲལ་ཟ་ཆོག་པར་བརྟེན། ལས་དོན་བྲེལ་བ་ཆེ་བ་དང་། ཕྱོགས་ཐོན་བཅས་ཀྱི་སྐབས་སུའང་ཧ་ཅང་སྟབས་བདེ་པོ་ཡོད།

རྩོམ་འཕྲོ་ཀློགས།


གྲུ་ཆུང་གིས་བསྒྱུར།

གཅིག སྡོང་བོ་བཅད་ནས་ཤོག་བུ་བཟོས་རྗེས། ཤོག་བུའི་སྟེང”ནགས་ཚལ་སྲུང་སྐྱོབ”ཅེས་བྲིས་པ།

གཉིས། ཕ་མའི་རྔུལ་ཁྲག་ལས་ཐོབ་པའི་སྒོར་མོ་བཟུང་ནས། གླུ་གར་ཁང་དུ”ཨ་ཕ་ལགས་དཀའ་ལས་མྱངས་སོང”ཞེས་གླུ་ལེན་པ།

གསུམ། བུད་མེད་རྣམས་ཀྱིས་ཅི་ཡིན་འདི་ཡིན་མེད་པར་ཉིན་རྒྱུན་སྐྱེས་པ་ཚོ་དང་རྩེད་བཞིན་ད་དུང་འཇིག་རྟེན་དུ་སྐྱེས་པ་བཟང་བོ་མེད་རབས་བཤད་པ།

བཞི། སྡུག་བསགས་བྱས་ནས་བཙལ་བའི་སྒོར་མོ་དུ་བར་བརྗེས་ནས་བསྲེགས་ཤིང་། ཆང་ལ་བརྗེས་ནས་བསྐྱུགས་རྗེས། ད་དུང་སྒོར་མོ་བཙལ་རྒྱུ་དཀའ་མོ་རེད་ཟེར་བ།

ལྔ། ཁྱོད་སྡུག་ལ་འཕྲད་དུས་གྲོགས་པོས་སྒོར་མོ་བསྐྱིས། རྗེས་སུ་གྲོགས་པོར་སྒོར་མོ་མཁོ་ཞིང་ཁྱོད་ལ་སྐྱི་དུས། ཁྱོད་ཀྱིས་གྲོགས་པོར་མི་བརྩི་ཟེར་བ།

རྩོམ་འཕྲོ་ཀློགས།


ཐ་མག་གིས་རྒྱལ་སྤྱིའི་ཁྱོན་ནས་ལོ་རེར་མི་ས་ཡ་དྲུག་ཙམ་གསོད་ཀྱིན་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གིས་ཚོད་རྩིས་བྱས་པ་ལྟར་ན། གལ་སྲིད་ད་ལྟའི་ཐ་མག་བཟོ་ལས་དང་། ཉོ་འཚོང་། འཛད་སྤྱོད་བཅས་འདི་མུས་སུ་སྡོད་པ་ཡིན་ན། ལོ་རེར་ཐ་མག་གིས་གསོད་པའི་མི་གྲངས་ད་ལྟའི་ས་ཡ་དྲུག་ནས་ས་ཡ་བརྒྱད་བར་འཕར་རྒྱུ་རེད་ཟེར། ཁོང་ཚོས་ད་དུང་དུས་རབས་ཉི་ཤུ་པའི་དུས་མཇུག་བར་དུ་ཐ་མག་གིས་འཛམ་གླིང་ཁྱོན་ནས་མི་གྲངས་1,000,000,000 ལྷག་གི་ཚེ་སྲོག་འཕྲོག་ཟིན་པ་ཚོད་རྩིས་བྱས་ཡོད། ཐ་མག་གི་གནོད་འཚེ་ཐེབས་པའི་མི་རྣམས་ནི་རང་གིས་ཐ་མག་འཐེན་པ་ལ་བརྟེན་ནས་འཆི་ལམ་དུ་གྱུར་མཁན་ཚོ་གཅིག་བུ་མ་རེད། ཤུལ་ཏུ་ལྷག་པའི་ཁྱིམ་མི་ཚོ་བཟོད་དཀའ་བའི་འཆི་བྲལ་གྱི་སྡུག་བསྔལ་སེམས་ཀྱིས་མྱངས་དང་མྱོང་བཞིན་པ་མ་ཟད། ཁོང་ཚོར་དཔལ་འབྱོར་གྱི་གྱོང་གུད་ཀྱང་རྩིས་ཀྱིས་མི་ལོངས་པ་ཞིག་ཕོག་ཡོད། དེ་བས་ཀྱང་ཡིད་སྐྱོ་དགོས་པ་ཞིག་ནི་ཐ་མག་འཐེན་མཁན་ཚོས་སྐྱུགས་པའི་དུག་རླངས་དེས་ལོ་རེའི་ནང་ཐ་མག་མི་འཐེན་མཁན་གྱི་མི་གྲངས་600,000 རེ་ལྷན་དུ་གསོད་ཀྱིན་པ་དེ་རེད། རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ན། ཐ་མག་གིས་བསྐྱེད་པའི་ནད་རིགས་དེ་དག་གསོ་བཅོས་བྱེད་པའི་ཆེད་དུ་སྒོར་མོ་ས་ཡ་མང་པོ་གཏོང་བཞིན་ཡོད་ལ། དངུལ་སྒོར་དེ་དག་ཐམས་ཅད་ཀྱང་རྒྱལ་ཁབ་སོ་སོའི་མི་མང་གི་ཁྲལ་བསྡུ་བའི་དངུལ་སྒོར་ཡིན། ཐ་མག་འཐེན་པ་ནི་སྒེར་དོན་ཙམ་གཏན་ནས་མིན་པ་མ་ཟད། དེ་ནི་རང་གཞན་གཉིས་ཕུང་གི་སྡིག་པའི་ལས་ཁོ་ནར་ཟད། ནད་ཡམས་ཐུ་མོ་ཞིག་བྱུང་དུས་སྨན་པ་མང་པོ་དུས་ཐོག་གཅིག་ཏུ་ནད་རིགས་ལ་ཞིབ་འཇུག་དང་། བཅོས་ཐབས་འཚོལ་བ། སྨན་སྣ་སྡེབ་སྦྱོར་དང་། ས་གནས་སོ་སོར་སྐྱེལ་འདྲེན་བྱེད་པ་སོགས་ཕྱོགས་ཡོངས་ནས་དཀའ་ལས་དང་། འགྲོ་གྲོན་མང་པོ་ཞིག་གཏོང་དགོས། ཡིན་ན་ཡང་། ཐ་མག་གིས་མི་གསོད་པའི་གྲངས་འབོར་འདི་འདྲ་ཆེན་པོ་ཞིག་ནད་ཡམས་གང་གིས་ཀྱང་བསད་མེད། ནད་ཡམས་ཤིག་ལ་གདོང་ལེན་བྱེད་པའི་དཀའ་ཚེགས་དང་བསྡུར་ན་ཐ་མག་གིས་བསྐྲུན་པའི་གནོད་འཚེ་འདིར་གདོང་ལེན་བྱེད་རྒྱུ་ནི་ཆེས་ཧ་ཅང་ལས་སླ་བ་ཞིག་རེད། ཐ་མག་འཐེན་པའི་འབྲས་བུ། Risksof Tobaccoལོ་རེའི་ཟླ་5 པའི་ཚེས་31 ཉིན་ནི་རྒྱལ་སྤྱིའི་ཐ་མག་སྤོང་པའི་ཉིན་མོར་གཏན་འབེབས་བྱས་ཡོད་པ་ལྟར། སྤྱི་ལོ་2012 ལོའི་ཟླ་5 པའི་ཚེས་31 ཉིན་རྒྱལ་སྤྱིའི་ཐ་མག་སྤོང་བའི་ཉིན་མོ་སྲུང་བརྩི་བྱས་ཤིང་། ཚོགས་ཐོག་ཏུ་སྨན་པ་མཱར་གྷེརེཋི་ཆཱན་(Μαργαρετ Χηαν) གྱིས་འགྲེལ་བརྗོད་གནང་བ་ལྟར་ན། “ཐ་མག་གིས་བསྐྱེད་པའི་ནད་ཡམས་འདི་ནི་ཁྱོན་ཡོངས་ནས་མིས་བཟོས་པའི་དཀའ་ངལ་ཞིག་རེད། སྲིད་གཞུང་ཁག་དང་མི་མང་མཉམ་སྡེབ་ཀྱིས་འདིའི་ཁ་གཏད་དུ་ལངས་པ་ཡིན་ན་ང་ཚོ་ལམ་འདི་ལས་ཕྱིར་ལྡོག་ཐུབ་”ཟེར། ང་ཚོས་ལས་སླ་བོའི་སྒོ་ནས་སྔོན་འགོག་བྱེད་ཐུབ་པའི་འཆི་རྐྱེན་ཨང་དང་པོའི་གྲས་ཀྱི་གཅིག་ནི་ཐ་མག་འཐེན་པ་འདི་ཡིན། ད་ལྟའི་ཆར་ཐ་མག་གིས་ལོ་རེའི་ནང་མི་གྲངས་ས་ཡ་དྲུག་(6000000) རེ་གསོད་ཀྱིན་ཡོད་ལ། དེ་དག་ལས་མི་གྲངས་འབུམ་དྲུག་(600000) ལྷག་ནི་ཐ་མག་འཐེན་མཁན་ཚོས་སྐྱུགས་པའི་དུག་རྫས་ཞོར་འཐེན་བྱས་པ་ལ་བརྟེན་ནས་བསད་པ་ཤ་སྟག་ཡིན། ཚིག་གཞན་ཞིག་གིས་བཤད་ན་མི་དེ་དག་ནི་ཐ་མག་འཐེན་མཁན་ཚོ་དང་ལྷན་དུ་སྡོད་པའི་ཁོང་ཚོའི་ཁྱིམ་མི་ཉེ་འབྲེལ་དག་རེད། ང་ཚོས་ཐ་མག་འཐེན་པའི་བྱ་སྤྱོད་འདི་འདི་ལྟར་རྒྱ་ཡན་ལ་བཏང་བཞག་པ་ཡིན་ན། སྤྱི་ལོ་2030 ལོ་ཟིན་དུས་ལོ་རེའི་ནང་ཐ་མག་གིས་མི་གྲངས་ས་ཡ་བརྒྱད་(8000000) རེ་གསོད་ངེས་པ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྔོན་དཔག་བྱས་ཡོད། མི་དེ་དག་ལས་བརྒྱ་ཆའི་བརྒྱད་ཅུ་(80%)ཙམ་ནི་དཔལ་འབྱོར་གྱི་ཡོང་འབབ་ཞན་པ་དང་འབྲིང་ཙམ་ཡིན་པའི་རྒྱལ་ཁབ་ཁག་ཏུ་ཡོད་ངེས་པ་རེད། གལ་སྲིད་ཁྱེད་རང་དཀའ་ངལ་འདིའི་སེལ་ཐབས་ཤིག་ཏུ་འགྱུར་འདོད་ན་གཤམ་གྱི་དྲ་ཐག་ལས་དྲ་དེབ་(PDF)ཕབ་ལེན་བྱོས་དང་དེས་ཁྱེད་ལ་ཐ་མག་གིས་བསྐྱེད་པའི་དཀའ་རྙོག་གི་ཟུར་ཅིག་སྟོན་ཐུབ་པ་མ་ཟད། ང་ཚོ་དཀའ་ངལ་འདིའི་འཆིང་རྒྱ་ལས་ཅི་ལྟར་འགྲོལ་དགོས་མིན་ཡང་སྟོན་ཐུབ།  

རྩོམ་འཕྲོ་ཀློགས།


གཙང་སྐྱེས་རོལ་དབྱངས་ཀྱིས་བསྒྱུར།

  第一,谢谢老婆走进我的生活,也许你不是我生命中最好的,但是绝对是唯一的,也是最让我感动的。
ཨང་དང་བོ།ཆུང་མ་ཁྱོད་ཀྱིས་ང་དང་སྐྱིད་སྡུག་མཉམ་ཁུར་བྱས་པར་ཐུགས་རྗེ་ཆེ། ཁྱོད་རང་བདག་གི་སེམས་གཏིང་གི་ཆེས་ཞེ་རྩིས་ཅན་དེ་མིན་ཡང་།ཁྱོད་གཅིག་པུས་ང་ལ་སེམས་འགུལ་ཐེབས་སུ་བཅུག་བྱུང་།ཐུགས་རྗེ་ཆེ།

རྩོམ་འཕྲོ་ཀློགས།


གཅིག རྐེད་པ་ན་བ། ཚིགས་འཆུས་པའམ་ཡང་ན་མཁལ་གཅོང་སོགས་ལས་གཞན། རྐེད་པ་ན་བ་དེ་ནི་ལྒང་བུའི་གཉན་ཚད་དམ་ཡང་ན་མོ་ནད་གཞན་པ་དག་དང་འབྲེལ་བ་ཡོད་པ་ཡིན་པས། གལ་ཏེ་རྐེད་པ་ན་བའི་སྣང་ཚུལ་བྱུང་རྗེས། དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་ཁྲག་དང་གཅིན་ལ་ཞིབ་བཤེར་བྱེད་པ་ལས་གཞན། ད་རུང་ཕྲ་མཐོང་ཆེ་ཤེལ་འོག་ནས་ལྒང་བུར་ཞིབ་བཤེར་བྱེད་དགོས། རྐེད་པ་ན་བའི་དུས་སྐབས་སུ་ཆུ་ཁོལ་མང་པོ་འཐུང་བ་དང་། ཁ་ཚ་བ་དང་མངར་རྒྱུ་འདུས་བའི་བཟའ་བཏུང་གི་རིགས་གཏན་ནས་ཟ་མི་རུང་ཞིང་།རབ་ཡིན་ན་གཉན་འཇོམས་གསོ་བཅོས་བྱེད་ཐབས་སྤྱད་ནས་གསོ་བཅོས་བྱས་ན་བཟང་།

རྩོམ་འཕྲོ་ཀློགས།


གཉིད་ལོག་པ་ནི་མི་ལུས་ལ་ཆེས་མཁོ་བའི་ངལ་གསོའི་ཐབས་ཤེས་ཤིག་ཡིན།གཉིད་ལོག་གི་བཟང་ངན་གྱིས་ཉིན་མོའི་སློབ་སྦྱོང་དང་བྱ་བའི་མཇུག་འབྲས་བཅས་ལ་ཤུགས་རྐྱེན་ཡང་ཐེབས་སྲིད་པ། གཉིད་ལོག་ལེགས་པོ་ནི་གཉིད་ལོག་གི་དུས་ཚོད་དང་ཁོར་ཡུག་ལ་རག་ལས་པ་མ་ཟད། ད་དུང་གཉིད་རོལ་བའི་ཉལ་སྟངས་བཅས་ལ་ཡང་འབྲེལ་བ་ཡོད།

རྩོམ་འཕྲོ་ཀློགས།


རང་རྒྱལ་གྱི་གཉེན་སྒྲིག་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པར་གཞིགས་ན་ཕོ་ལོ་22དང་། མོ་ལོ་20སླེབས་སྐབས་གཉེན་སྒྲིག་བྱས་ཆོག་པ་ཡིན་མོད། ཡིན་ནའང་རང་རྒྱལ་གྱི་གཞི་རྩའི་སྲིད་ཇུས་ནང་གཉེན་སྒྲིག་ཕྱི་ཙམ་དང་ཕྲུ་གུ་ཕྱི་ཙམ་སྐྱེ་རྒྱུ་དར་སྤེལ་གཏོང་གི་ཡོད། དེ་ན་ཕྲུ་གུ་སྐྱེ་བའི་ལོ་ཚད་ཡག་ཤོས་དེ་ཇི་ཙམ་ཡིན་ཞེ་ན། བསྡོམས་རྩིས་ཀྱི་དཔྱད་གཞི་མང་པོར་གཞིགས་ན་ལོ་25-29བར་ནི་ཕྲུ་གུ་སྐྱེ་བའི་ལོ་ཚད་ཡག་ཤོས་དེ་ཡིན་འདུག དེའི་རྒྱུ་མཚན་ནི།

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up