16215900_1403833759658768_1990214075_nདེ་རིང་ནི་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡ ཚེས་ ༢༢ དང་རེས་གཟའ་ཉི་མ་ཡིན། ང་ཚོ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་གྲོགས་པོ་འགའ་མཉམ་དུ་འཛོམས། རྩེད་ཐང་དུ་སོང་ནས་ལག་རྩེད་སྤོ་ལོ་བརྩེས། འཚིག་ཇ་ཁང་དུ་འཛོམས་ནས་ཇ་འཐུང་། གནད་དོན་གང་མང་ཐད་སྐད་ཆ་འདྲ་མིན་བཤད་པ་ཡིན།
ནམ་རྒྱུན་ང་ཚོ་མཉམ་དུ་འཛོམས་དོན་ལག་རྩེད་སྤོ་ལོ་རྩེད་ཆེད་ཁོ་ན་ཡིན་མོད། དེ་རིང་ང་ཚོ་མཉམ་དུ་འཛོམས་དོན་གལ་ཆེའི་དོན་དག་གཞན་ཞིག་ཀྱང་ཡོད། དེ་ནི་ཆང་ས་ལོ་དེབ་བཞི་བ་ཨ་རིར་འབྱོར་ཏེ་དབུ་འབྱེད་མཛད་མགོ་སྟབས་བདེ་ཞིག་འཚོགས་ཆེད་དུ་ཡིན། ས་མཐའི་སྤུན་གྲོགས་ནང་གི་གྲོགས་པོ་ཚོ་ནི་ང་ལ་ནམ་ཡང་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་མཁན་གྱི་གྲོགས་པོ་སྐོར་ཞིག་ཡིན་པར་མ་ཟད། ཐེངས་འདིར་ཁོང་ཚོ་ཚང་མས་ཆང་ས་ལོ་དེབ་གསུམ་པ་དང་བཞི་བ་རེ་རེ་ཉོས་ཏེ། ངེད་ཆང་ས་རྩོམ་སྒྲིག་ཁང་གི་ལས་དོན་ལ་རྒྱབ་སྐྱོར་གནང་།

རྩོམ་འཕྲོ་ཀློགས།


15977967_1398012886907522_7553330862598625124_nཆང་ས་ལོ་དེབ་རྒྱ་གར་ནང་ཧིན་སྒོར་བརྒྱ་བྱས་ཏེ་བཙོང་གིན་ཡོད། ལོ་ལྟར་ངྷ་ས་གཡས་གཡོན་རང་དུ་ཉིས་བརྒྱ་ནས་སུམ་བརྒྱ་འགྲིམས་ཀྱིན་འདུག ཡིན་ནའང་། གོང་ཚད་ཐད་ནས་ལོ་ལྟར་བསམ་ཚུལ་བཤད་མཁན་བྱུང་།
“ཆང་ས་ལོ་དེབ་གོང་ཆེ་དྲགས་འདུག” དང་ “གོང་ཚད་མཐོ་བ་ལ།” ཟེར། དེ་ཟེར་མཁན་ཡང་སྐྱ་སེར་གཉིས་ཀའི་ཁྲོད་དུ་འདུག
དང་པོ་ངྷ་སའི་ཟས་སོང་དང་ཆང་ས་ལོ་དེབ་གཅིག་བསྡུར། ངྷ་སའི་ཟ་ཁང་ཕལ་ཆེ་བརམོག་མོག་སྡེར་མ་གང་ལ་ཧིན་སྒོར་བརྒྱ་ཡས་མས་ཡིན། དེ་བཞིན་འཐེན་ཐུག་དང་རྒྱ་ཐུག ཤ་ཁུ། སྔོ་ཚལ་སོགས་གང་འདྲ་ཞིག་ཡིན་རུང་སྡེར་མ་གང་ལ་ཧིན་སྒོར་བརྒྱ་ཡས་མས་ཡིན། ཡིན་ནའང་། མོག་མོག་སྡེར་མ་གང་ན་ལྟོ་བ་འགྲང་ཐག་ཆོད་ཅིག་མེད། གཞན་རྣམས་ཀྱང་དེ་འདྲ་ཡིན། རེད་དེ་མོག་མོག་སྡེར་མ་གང་གི་རིན་པས་ཆང་ས་ལོ་དེབ་ཀློག་ཐུབ་ཀྱིན་ཡོད། མོག་མོག་སྡེར་མ་གང་གི་རིན་པས་ཆང་ས་ལོ་དེབ་ནང་གི་ཤེས་བྱ་དང་རྩོམ་ཡིག འདྲ་པར་བཅས་ལ་རོལ་ཐུབ་ཀྱིན་ཡོད། ཆང་ས་ནི་ཚོན་ལྡན་དང་སྣ་འཛོམས། སྤུས་ལེགས་ཀྱི་དུས་དེབ་ཅིག་ཡིན།
ཡང་ཆང་ས་ལོ་དེབ་ཀྱི་དཔར་གླ་དང་བཙོང་རིན་གཉིས་གཅིག་བསྡུར། ཆང་ས་ལོ་དེབ་ཀྱིས་རྩོམ་ཡིག་སྤུས་ལེགས་དང་ཇུས་འགོད་སྤུས་ལེགས། ཤོག་བུ་སྤུས་ལེགས་ཤིག་ལ་འབད་འབད་དུང་དུང་བྱེད་ཀྱིན་ཡོད་པར་མ་ཟད། ཐ་ན་དཔར་ཁང་ཡང་ཚད་ལྡན་དང་སྤུས་ལེགས་ཤིག་ནས་དཔར་གིན་ཡོད། དེ་ལྟར་བྱེད་དོན་ཆང་ས་ལོ་དེབ་ཀློག་མཁན་གྱི་ལག་ཏུ་ཐོན་དུས་ཀློག་རིན་ཡོད་པ་ཞིག ལྟ་རིན་ཡོད་པ་ཞིག སྤུས་ཀ་ཡག་པོ་ཞིག་ལ་དམིགས་པས་ཡིན།

རྩོམ་འཕྲོ་ཀློགས།


ང་ཚོས་ལོ་རེ་བཞིན་ཆང་ས་དྲ་དེབ་དང་འབྲེལ་བའི་ཀློག་མཁན་གྱི་བསམ་ཚུལ་བསྡུ་ལེན་བྱེད་ཀྱིན་ཡོད་ལ། དེ་ནི་བསམ་ཚུལ་ཙམ་གྱི་ངོ་བོར་མ་བཞག་པར་ལྟ་ཚུལ་གསར་བ་དང་གལ་ཆེའི་ལམ་སྟོན། དགེ་སྐྱོན་ཡང་དག་འདོད་མཁན་ལ་དགའ་བསུ་དང་ཁོང་ཚོས་ལམ་སྟོན་ལྟར་ཡར་རྒྱས་གཏོང་དགོས་སར་ཡར་རྒྱས་གཏོང་བ་དང་བཅོས་བསྒྱུར་གཏོང་དགོས་སར་བཅོས་བསྒྱུར་བཏང་དང་གཏོང་བཞིན་པ་ཡིན།

རྩོམ་འཕྲོ་ཀློགས།


13578774_1159998080709005_143442655_nཔར་དང་བརྙན། དེབ་སོགས་ལ་བདག་དབང་ཟེར་བ་ཞིག་ཡོད་པ་དང་། དེ་ནི་སྟབས་བདེ་མོས་བཤད་ན། ཁྱོད་ཀྱིས་ཁྲོམ་ནས་ཉོས་ཡོང་བའི་ཅ་དངོས་ཆེ་ཆུང་བཟང་ངན་གང་འདྲ་ཞིག་ཡིན་རུང་དེ་ཁྱོད་ལ་དབང་བ་དང་། མི་གཞན་ཞིག་གིས་ཁྱོད་ལ་སློང་བ་དང་ཁྱོད་ཀྱི་ལག་ནས་ཉོ་བ། ཡང་ན་ཅ་དངོས་གཞན་ཞིག་དང་བརྗེ་རེས་བྱེད་ན་མ་གཏོགས་ཁྱེར་མི་ཆོག་པ། གལ་སྲིད་དེ་ལྟར་མ་བྱས་པར་དགོས་མཁོའི་དབང་གིས་ཅ་དངོས་དེ་ཁྱེར་བ་ཡིན་ན་དེ་ལ་ཅ་དངོས་བརྐུ་འཁྱེར་བྱས་པའི་ཉིས་ཆད་ཕོག་པ་དང་གཅིག་མཚུངས་སུ་ཉེས་ཆད་ཕོག་གིན་ཡོད་དང་། ད་དུང་དཔེ་འཇོག་གི་ཞིག་གི་སྒོ་ནས་བཤད་ན། འབྲོག་པ་ཚོའི་རྟ་ནོར་ལུག་གསུམ་གཞན་གྱིས་མ་དྲིས་མི་ཐོབ་བཞིན་དུ་ཁྱེར་ནས་བཙོང་བ་དང་། རོང་བའི་ཞིང་ཁ་དང་སྟོན་ཐོག་མ་རིག་མ་ཐོས་ས་ནས་བྲེག་ནས་བསྡུ་བ་ལྟར་རེད་ཅེས་གསལ་འདེབས་ཤིག་བྱེད་འདུན་བྱུང་བ་དེའོ། །

རྩོམ་འཕྲོ་ཀློགས།


wecha-logo-11-22ལོ་སྔོན་མའི་ཟླ་ ༡༡ ཚེས་ ༣༠ ཉིན་ཀྲུང་གོའི་ཁྲིམས་ལུགས་ཀུན་ཁྱབ་དྲ་བ་ཞེས་པས། སྐད་འཕྲིན་ཞེས་པ་འདི་མི་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་འབྲེལ་འདྲིས་ཀྱི་ལག་ཆ་གལ་ཆེན་འགྱུར་སྒང་འདིར། མི་ཁ་ཤས་ཀྱིས་སྟེགས་བུ་འདི་སྤྱད་དེ་ཆགས་སྤྱོད་ཀྱི་བརྙན་འདྲ་མིན་བརྒྱུད་བསྐུར་བྱེད་བཞིན་འདུག་ལ། གནད་དོན་འདིར་དམིགས་ཏེ་ཁྲིམས་དཔོན་གྱིས་བྱ་སྤྱོད་འདིར་ཆགས་སྤྱོད་དངོས་པོ་བརྒྱུད་སྐུར་བྱེད་པའི་ཉེས་དམིགས་ཡོད་པ་དང་། དེ་དང་ཆ་མཐུན་དུ་སྐད་འཕྲིན་དོ་དམ་པས་ཚགས་དམ་པོར་མི་བྱེད་པའི་ཚོགས་གཙོས་ཀྱང་ཉེས་ཆད་འཁུར་དགོས། ཞེས་སྤེལ་འདུག

རྩོམ་འཕྲོ་ཀློགས།


Changsa logoབཀུར་འོས་བོད་ཕྱི་ནང་གི་རྒྱ་ཆེའི་སྙུག་ཐོགས་པ་རྣམ་པ་ལགས།
ཟླ་འདིའི་ཚེས་ ༡ ཉིན་ནས་བཟུང་ཆང་ས་དྲ་ངོས་གསར་བ་ཤར་གཏོང་བྱས་པ་དང་མཉམ་དུ་སྔར་བཞིན་ཆང་ལ་དྲ་ངོས་སུ་བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེའི་རྩོམ་པ་བོ་རྣམས་ཀྱི་རྩོམ་ཡིག་འགོད་བཞིན་ཡོད་ན། བོད་ཕྱི་ནང་གཉིས་སུ་བཞུགས་པའི་རྒྱ་ཆེའི་རྩོམ་པ་བོ་རྣམས་ཀྱིས་རྩོམ་ལུས་འདྲ་མིན་གྱི་རྩོམ་ཡིག་གང་མང་བསྐུར་བར་དགའ་བསུ་ཞུ། འོན་ཀྱང་ཆབ་སྲིད་དང་ཆོས་ལུགས་སྐོར་གྱི་རྩོམ་ཡིག་དྲ་བ་འདིར་འགོད་ཀྱི་མེད་པས་ན་རྩོམ་ཡིག་དེའི་རིགས་མི་བསྐུར་བའི་རེ་བའང་ཞོར་ནས་ཞུ།

རྩོམ་འཕྲོ་ཀློགས།


ད་ལོའི་ཟླ་ ༦ ཡས་མས་ནས་བཟུང་ངེད་ཆང་ས་དྲ་བར་རྩོམ་ཡིག་དུས་ལྟར་སྤེལ་མ་ཐུབ་པའི་དཀའ་ངལ་ཞིག་བྱུང་། དེ་ནི་གཅིག་ནས་ང་རང་ཉིད་གྱ་སྟོན་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་ཤིག་གི་ཁྲོད་དུ་ལྷུང་བ་དང་དུས་ཡུན་ཐུང་ངུ་ཞིག་ནང་ཆང་ས་ལོ་དེབ་དང་སྙན་ངག་གི་ཕ་ཁྱིམ་གྱི་ལོ་དེབ་གཉིས་རྩོམ་སྒྲིག་བྱ་དགོས་བྱུང་བ། ཆང་ས་དྲ་བ་གསར་དུ་བཟོ་རྒྱུའི་རྨང་གཞི་བསྐྲུན་དགོས་བྱུང་བ་དང་ཡང་ལེ་ལོ་དང་སྒྱུད་ལུགས་བཅས་ཀྱི་དབང་དུ་སོང་བ། ང་མིན་པའི་རྩོམ་སྒྲིག་པ་གཞན་དག་ཀྱང་རང་རང་གི་ཉིན་རེའི་ལས་ཀ་དང་བྲེལ་འཚུབ་ཀྱི་ཀློང་ན་ཁོམ་གི་མེད་པ་སོགས་ཀྱིས་ཡིན། དེར་བརྟེན་ད་བར་ཆང་ས་དྲ་བར་དུས་ལྟར་རྩོམ་ཡིག་གསར་པ་སྤེལ་མ་ཐུབ་པར་གནོང་འགྱོད་ཅིག་འདུག་ལ། ཆང་ས་དྲ་བའི་ཀློག་མཁན་ཀུན་པོར་དགོངས་དག་ཅིག་ཀྱང་ཞོར་ནས་ཞུ་བཞིན་ཡོད།
འདི་ལྟར་དགའ་སྐྱོ་དང་ཐོབ་ཤོར་གཉིས་སྐྱ་འཐབ་སྟེ་ང་ཚོ་ཡང་བསྐྱར་ལམ་ལ་ཆས་ཡོད་ཅིང་། ཁྱེད་ཀློག་མཁན་དག་ཀྱང་ང་ཚོ་དང་མཉམ་དུ་ལམ་ལ་ཆས་དང་ང་ཚོ་ཚང་མ་བོད་མི་རིགས་འདི་དང་བོད་ཀྱི་སྐད་ཡིག་འདིའི་ཆེད་དུ་མཉམ་དུ་ལམ་ལ་ཆས་ཆོག འབད་པ་བྱ་ཆོག མདུན་སྐྱོད་བྱ་ཆོག

རྩོམ་འཕྲོ་ཀློགས།


changsa-new-cover ངེད་ཆང་ས་དྲ་དེབ་ནི་ཆེད་དུ་སྐད་ཡིག་སྣ་འཛོམས་ཅན་དུ་གཏོང་བ་དང་བཀོལ་སྤྱོད་ཅན་དུ་གཏོང་བ། རོང་འབྲོག་གི་གཞི་རིམ་མང་ཚོགས་ དང་ཁ་ཐག་ཉེ་རུ་གཏོང་བ་བཅས་ཀྱི་དམིགས་འདུན་བཟུང་སྟེ་གཉེར་འགོ་བརྩམས་པ་ཡིན་ལ། འདིའི་དགེ་སྐྱོན་གྱ་ིཕྱོགས་ནས་འདོན་ཐེངས་སྔ་མ་གཉིས་སུ་མང་དུ་གླེང་ཟིན་པས་འདིར་བསྐྱར་བཟློས་ཡང་བཟློས་བྱེད་པར་དགོས་ཕན་མེད་མོད། ངེད་ཅག་རྩོམ་སྒྲིག་ཚན་ཆུང་ལ་མཚོན་ན་དོན་འདིས་ཀྱང་བོད་ཀྱི་སྐད་དང་ཡི་གེ་འདིར་ཞབས་འདེགས་ཅུང་ཙམ་ཞུ་ཐུབ་པའི་རེ་བ་ནམ་ཡང་ལྷོད་མེད་ཡིན།

རྩོམ་འཕྲོ་ཀློགས།


ཟླ་འདིའི་ཚེས་ ༧ ཉིན་འདི་ག་ཆང་ས་རྩོམ་སྒྲིག་ཁང་གི་ལག་བསྟར་རྩོམ་སྒྲིག་པ་ཟུར་བ་ཨ་ཚོགས་ཚེ་ལོ་ལགས་ནད་མནར་གྱིས་དབང་གིས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་།

རྩོམ་འཕྲོ་ཀློགས།


ཁང་བདག་བསླེབས་བྱུང་། ཁང་གླ་བསླངས་བྱུང་།
ཞོགས་པ་སྔ་མོ་ནས་སྒོ་རྡུང་མཁན་དེ་ཁང་བདག་རེད།
ཁང་བདག་འདི་ལ་ཟླ་མགོ་ནས་བཟུང་ཁང་གླ་སྤྲོད་དགོས།
ཁང་གླ་སྤྲད་རྗེས། ང་ལ་ཟླ་བ་འདིར་གནས་ཚང་ཡོད།

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up