གཅིག ཁྱེད་ལ་འཚེ་བའི་མི་དེར་བཀའ་དྲིན་ཞུ་འོས། རྒྱུ་མཚན་དེས་ཁྱོད་ཀྱི་བློ་སྟོབས་བསྲེགས་བཅད་བརྡར་གསུམ་བྱས་ཡོད་པས་སོ།།
གཉིས། ཁྱེད་ལ་མགོ་སྐོར་གཏོང་མཁན་གྱི་མི་དེར་བཀའ་དྲིན་ཞུ་འོས། རྒྱུ་མཚན་དེས་ཁྱོད་ཀྱི་ཤེས་རིག་གོང་འཕེལ་དུ་བཏང་ཡོད་པས་སོ།།
གསུམ། ཁྱེད་ལ་སྐྱོན་འཛུགས་བྱེད་མཁན་གྱི་མི་དེར་བཀའ་དྲིན་ཞུ་འོས། རྒྱུ་མཚན་དེས་ཁྱོད་ཀྱི་མི་གཤིས་ལ་སྐུལ་སློང་བྱས་ཡོད་པས་སོ།།
བཞི། ཁྱོད་ལ་རྡུང་རྡེག་གཏོང་མཁན་གྱི་མི་དེར་བཀའ་དྲིན་ཞུ་འོས། རྒྱུ་མཚན་དེས་ཁྱོད་ཀྱི་དཔའ་ངར་ལ་སེམས་ཤུགས་བསྩལ་ཡོད་པས་སོ།།
ལྔ། ཁྱེད་རང་འདོར་མཁན་གྱི་མི་དེར་བཀའ་དྲིན་ཞུ་འོས། རྒྱུ་མཚན་དེས་ཁྱོད་ཀྱི་རང་མགོ་རང་ཐོན་ལ་ལམ་སྟོན་བགྱིས་ཡོད་པས་སོ།།
དྲུག ཁྱེད་རང་སར་སྒྱེལ་མཁན་གྱི་མི་དེར་བཀའ་དྲིན་ཞུ་འོས། རྒྱུ་མཚན་དེས་ཁྱོད་ཀྱི་སྟོབས་ཤུགས་ཆེ་རུ་བཏང་ཡོད་པས་སོ།།
བདུན། ཁྱེད་ལ་གཤེ་གཤེ་གཏོང་མཁན་གྱི་མི་དེར་བཀའ་དྲིན་ཞུ་འོས། རྒྱུ་མཚན་དེས་ཁྱོད་ཀྱི་སྐྱོན་ཆ་ཐེར་འདོན་བྱས་ཡོད་པས་སོ།།

རྩོམ་འཕྲོ་ཀློགས།


ཕྱི་རོལ་ན་གྲང་ཤུར་ཤུར་གྱི་རླུང་བུ་ཞིག་གཡུག་གིན་འདུག དབྱིབས་ལེགས་ཤིང་གཞུང་རྟ་དྲང་བའི་མཛེས་ལྡན་རྐང་འཐུང་གི་དྲི་བསུང་དག འཇིགས་ཡེར་བའི་ལྷགས་རླུང་དེས་མུ་མཐའ་བྲལ་བའི་སྟོང་དབྱིངས་སུ་རྒྱས་བཏབ་བྱས་འདུག་པས། སེར་ག་གས་ཟིན་པའི་འདབ་ལོ་དག་རླུང་བུའི་ཁྲོད་ན་ཡོམ་ཡོམ་དུ་གཡོ་བཞིན་འདུག

རྩོམ་འཕྲོ་ཀློགས།


འདི་ནི་འཇར་པན་དུ་ས་ཡོམ་བྱུང་སྐབས་ཨ་མ་ཞིག་གིས་རང་སྲོག་བློས་བཏང་བའི་དངོས་བྱུང་ལོ་རྒྱུས་ཤིག་རེད། ས་ཡོམ་རྒྱག་མཚམས་བཞག་ཅིང་། ཉེན་སྐྱོབ་མི་སྣ་གཞོན་ནུ་མ་ཞིག་གི་བཤིག་རོར་གྱུར་བའི་ཁང་པར་སླེབས་སྐབས། ཁོ་ཚོས་གྱང་ཆག་གི་བར་ནས་ཁོ་མོའི་རོ་མཐོང་།

རྩོམ་འཕྲོ་ཀློགས།


མི་རེ་རེ་ལ་དགའ་ཕྱོགས་དང་ཕུགས་བསམ་མི་མཚུངས་པ་རེ་ཡོད་པ་སྣང་བཞིན་ང་ལ་ཡང་དགའ་ཕྱོགས་དང་ཕུགས་བསམ་ཞིག་ཡོད་ཆོག ངའི་དགའ་ཕྱོགས་དང་ཕུགས་བསམ་ནི་མ་ཤི་བར་དུ་སྙན་ངག་འབྲི་རྒྱུ་ལས་གཞན་ཅི་ཡང་མེད་ལ། དེ་ལས་གཞན་ཞིག་རྩོམ་པའི་ནུས་པ་ཡང་བདག་ལ་ཞན། དེ་བས། ངས་ནམ་ཡང་སྙན་ངག་འབྲི་འདོད།

རྩོམ་འཕྲོ་ཀློགས།


nangzi རྡ་སའི་མཚན་ལྗོངས་ཟེར་བའི་མིང་འདི་གོ་ནས་ཡུན་རིང་ཞིག་འགོར་སོང་མོད། དངོས་སུ་མཐོང་བའི་སྐལ་བ་ཞིག་མ་བྱུང་། དེ་རིང་ང་དང་ངའི་གྲོགས་མོ་གཉིས་དངོས་སུ་རྡ་སའི་མཚན་ལྗོངས་ཀྱི་སྤྱི་ཚོགས་མེ་ལོང་ལ་རོལ་དུ་ཕྱིན་པ་ཡིན།

རྩོམ་འཕྲོ་ཀློགས།


དེ་རིང་ཡང་སུད་སི་ནས་ཕེབས་པའི་ཨ་ཅག་ལགས་གསུམ་དང་ཅོག་ཙེ་ཁ་གཏད་བྱས་ནས་ཟ་མ་ཟོས་པ་ཡིན། ཁོང་ཚོས་གཅིག་གིས་བུ་མོ་ལོ་དྲུག་བདུན་ཡས་མས་ཤིག་ཁྲིད་འདུག
ཁོང་ཚོ་ཚང་མ་བོད་རེད། སྐབས་རེར་བོད་སྐད་ཀྱང་བཤད་ཀྱིན་འདུག ཡིན་ནའང་། ཕལ་ཆེ་བ་སུད་སིའི་སྐད་ཡིན་ནམ་སྙམ་པའི་གོ་མི་ཐུབ་པ་ཞིག་བཤད་ཀྱིན་འདུག ལྷག་ཏུ་བུ་མོ་ཆུང་ཆུང་དེས་བོད་སྐད་ཚིག་གཅིག་ཀྱང་བཤད་མ་སོང་།

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up