__ ཨང་དང་པོ། ཐུབ་པའི་གཞོན་རབས།

ད་ནི་ཚེ་ཡི་ཕྱེད་ཙམ་རྫོགས་སམ་སྙམ།། ནམ་ཞིག་འཆི་བ་དག་ཀྱང་བཤད་མི་ཐིག། ན་རྒས་སྡུག་བསྔལ་འབྱུང་བའི་གོ་རིམ་ཞིག། དྲན་པས་བ་སྤུ་ཡུད་ཙམ་གཟེང་བ་བྱུང་།།

ཡུན་རིང་དགོན་པར་བསྡད་དེ་གཞུང་ལུགས་ཀྱི།། གནད་དོན་ཕུ་ཐག་ཆོད་མ་གྱུར་ཀྱང་ནི།། འགའ་ཞིག་གྲོང་དུ་སྙམ་མེད་འཆི་བ་ལ།། བསམ་ན་འཇམ་མགོན་གཞུང་ལུཊ་ཆ་ཤས་ཙམ།།

རྩོམ་འཕྲོ་ཀློགས།


རལ་གྲི་སེར་བོས་བསྒྱུར།

མི་སུ་ཡིན་ཡང་དེ་ལ་ཚད་ཐིག་རེ་ཡོད་ངེས།
ཚད་ཐིག་དེ་ལས་རང་ཉིད་ཕྱིར་འབུད་མི་ཐུབ་ཅིང་།
ཕ་རོལ་བོས་ཀྱང་བཙན་འཛུལ་བྱེད་མི་ནུས་པས།
ངས་དེ་རུ་སེམས་ཀྱི་གསང་བ་ཡོད་ཚད་སྦས་ཡོད།
ཁྱོད་ཀྱིས་དེ་མ་རྟོགས་ཀྱང་ངས་ལེ་བདའ་བྱེད་མི་སྲིད

རྩོམ་འཕྲོ་ཀློགས།


imageསྔ་མོ་ཞིག་ནས་གོ་གི་བསྡད་ནས། །
དྲ་ལམ་ཁག་ཏུ་རིག་གི་བསྡད་ནས། །
བར་སྐབས་ཤིག་ནས་འཛིང་གི་བསྡད་ནས། །
གསལ་ལེ་རྒྱལ་ལ་མདང་ནུབ་ཐུག་ཐལ། །

ནེའུ་འོག་གྲོང་གི་རྒྱ་གྲོང་དེ་ཡི། །
བཞི་ཐོག་ཅིག་གི་ཁང་མིག་ནང་ན། །
གྲོགས་པོ་ཀེ་ཐོས་སྣེ་ལེན་བྱས་ནས། །
ཝི་ཆང་འཐུང་སྟེ་བཟི་ནས་བསྡད་འདུག །

རྩོམ་འཕྲོ་ཀློགས།


imageགསལ་ལེ་རྒྱལ།

སྐྲ་ལོ་དང་རྣ་ལུང་མེད་པའི་མགོ་བོ་རིལ་རིལ་དེ
ངས་རང་གི་བྲང་ཁར་གླན་པའི་སྣང་བརྙན་བསྒོམ
ང་རང་འཆར་ཡན་གྱིས་བཟི་དོན་དེ་ཡིན།

ལན་རེར་ཀུ་རེ་ཐན་ཐུན་གྱིས་ང་རང་སད་པར་བྱས་ཞིང
མཚམས་རེར་འདོན་པའི་དབྱངས་རྟ་ཡིས་ང་རང་གཉིད་པར་བྱས
ཁྱོད་མེད་པའི་ལོ་ཟླ་དེ་དག་ངས་བོར་ཟིན་པའི་འཚོ་བ་ཡིན།

རྩོམ་འཕྲོ་ཀློགས།


imageཨ་རིག་འགྱུར་མེད།
སྐད་འཕྲིན་ཟེར་བ་འདི་དར་བས་ན།
ང་ལ་སྒྲོལ་དཀར་མཚོ་ཡོད་ཅིང་།
སྒྲོལ་དཀར་མཚོ་ཡོད་པས་ན།
ངའི་ཆུང་དུས་ཀྱི་འཚོ་བ་ཡོད་འདུག

སྒྲོལ་དཀར་མཚོ། མ་གཞི་ཁྱོས་ང་ངོ་མི་ཤེས།
ངས་ཁྱོད་ཁ་པར་དང་སྐད་འཕྲིན་ལས་རྙེད།
ད་རུང་ཁྱོད་དང་ཁྱོད་ལྟ་བུའི་རྩེ་བ་རྩེ་མ་དག
ཁ་པར་དང་སྐད་འཕྲིན་བརྒྱུད་ནས།
ངའི་ཤ་གསེང་རུས་གསེང་ལ་འཛུལ་ཡོང་།

རྩོམ་འཕྲོ་ཀློགས།


འདོ་བ་ར་རའི་སྤུ་འདོགས་འདྲ་བའི་མགོ་སྐྲ་དཀར་ནག་དམར་སེར་ལྗང་།།
ཁ་ཡི་ཡ་ཁ་མ་ཁ་གཉིས་ལ་ཁ་སྤུ་དཀར་བོའི་མེ་ཏོག་དགོད།།
སྤྱན་ཟུང་མིག་གིས་ས་ལ་བལྟས་ན་གནམ་གྱི་སྤྲིན་པའི་རྒྱབ་གཟུགས་མཐོང་།།
རྟ་མགྲིན་རྒྱལ་བོའི་རྐང་བའི་ལྷམ་ནས་མགོ་ཡི་ཞྭ་མོའི་བར་དུ་འབྲི།།

ལོ་ངོ་ཉི་ཤུའི་ཡར་སྔོན་ཞིག་ལ་རྒྱ་གར་རྒྱལ་ས་ལྡི་ལི་ནས།།
ཨ་མདོ་བ་ཚོས་ལོ་སར་དགའ་སྟོན་མཉམ་དུ་རོལ་བའི་མཚན་མོ་ཞིག །
རྟ་མགྲིན་རྒྱལ་བོ་ཐོག་མར་མཐོང་སོང་ཕོ་སར་སྐྲ་རིང་རྐང་རྒན་ཞིག །
ཁ་སྟུག་སྣ་སྟུག་གདོང་པ་ལེབ་ལེབ་འཛུམ་ཙམ་དགོད་ཙམ་བྱེད་བཞིན་འདུག །

རྩོམ་འཕྲོ་ཀློགས།


imageལག་པ་ཕར་ལ་བསྲིངས་ན་ཐོན་ས་དེར།།
འདང་གི་ཁ་དོག་ལྗང་བའི་གདུ་བུ་ཞིག།།
དེ་ཉིད་བདག་གི་ལུས་ཀྱི་གྲུབ་ཆ་ཡིན།།
དེ་ཉིད་བདག་གི་སྲོག་གི་རྒྱན་ཆ་ཡིན།།

ང་རང་གདུ་བུར་འཁྱུད་དེ་དུས་བཞི་བསྐྱལ།།
གདུ་བུ་ང་ལ་འཁྲེངས་ཏེ་ལོ་ཟླ་འདས།།
འོན་ཀྱང་ཁར་ཉིན་སྨུག་པ་ལང་ལོང་ཁྲོད།།
ང་ཡི་གདུ་བུ་མཚོ་མོའི་གཏིང་ལ་ལྷུང་།།

རྩོམ་འཕྲོ་ཀློགས།


imageསེར་ཆེན་རི་དྭགས་མིག་གི་ནང་ན་སྤྱང་གྲུང་འོད་ཀྱིས་ཐིག་ལེ་འབར།།
ཡ་ཆུང་བྲང་གི་ས་གཞི་ངོས་སུ་རིགས་ཞེན་གངས་དཀར་རི་བོ་འགྱིངས།།
སྐྱེས་གཟུགས་ལང་ཚོ་འཕྱུར་བའི་རྒྱ་མཚོར་འཇོ་སྒེག་གྲུ་གཟིངས་ཡོམ་ཡོམ་སྐྱོམ།།
ཨེ་མ་ཡིད་འོང་ཀོ་གྲུ་ཆུང་ཆུང་དེད་དཔོན་སུ་ཡིས་ཁ་ལོ་བསྒྱུར།།

ཕྲ་ཞིང་རིང་བའི་གཟུགས་ཀྱི་མདའ་མོས་ཆགས་ལྡན་སྙིང་གི་རི་བོ་གཏོར།།
མཆུ་སྒྲོས་དམར་བོའི་བིམ་པའི་ཁ་སྒོས་ཕོ་སྐྱེས་སེམས་ལ་ན་ཟུག་སློང་།།
བརླ་དང་སྐེད་པ་ཕྲ་ཞིང་རྒྱས་པས་ཡིག་མཁན་ལག་པ་འདར་བར་བྱེད།།
ཨེ་མ་མི་ཡི་འཇིག་རྟེན་འདི་ན་ཤ་ལས་གྲུབ་པའི་མེ་ཏོག་མཚར།།

རྩོམ་འཕྲོ་ཀློགས།


13414610_1146068318768648_1412825632_n མི་ཚེ་རིང་། བྲག་འགོ

སེང་རྡོར་ཟེར་བའི་མི་ཕོ་གསར་སྐྱེས་དེས།།
སྣང་བའི་ཡུལ་དུ་ཀི་ཞིག་བཏབ་བཞག་ཐལ།།
ལྟ་བ་བདེན་མིན་ཇིས་ཀྱང་དཔྱོད་དཀའ་ཡང་།།
ན་གཞོན་སྙིང་སྟོབས་དེ་ལ་ཡི་རང་ཡོད།།

སེང་རྡོར་ཟེར་བའི་ཨམ་ཕྲུག་སྐྲ་རིང་དེས།།
སྟོང་ཉིད་བདེན་པའི་ལམ་དེར་དགག་བཞག་ཐལ།།
ལྷ་ཆོས་མེད་པར་སྨྲ་བར་མ་མོས་ཀྱང་།།
ད་ལྟའི་བསྒོམ་བསྒྲུབ་ཚུལ་དེར་རང་ཡང་མཚར།།

རྩོམ་འཕྲོ་ཀློགས།


མེ་ཏོག་ཕོན་པོ་ཞིག་ལག་ཏུ་བཟུང་སྟེ
བརྩེ་བ་ཡིན་པའི་མཚོ་མོའི་འགྲམ་ནས
སྨྲ་བ་མེད་པར་གྲོང་ཚོ་དེའི་ནང་དོན་ལ་ཉན་ཡོད

འཇིག་རྟེན་ལ་ཕྱི་ནང་མེད་པའི་དབང་དུ་བཏང་ན
སེམས་ཀྱི་དབྱར་ལྗོངས་ལྟ་བུའི་བུ་མོ་ཁྱེད་ལ
ངས་རང་ཉིད་ཀྱི་སྣང་བ་ཤར་མར་འགྲེལ་འདོད

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up