ཉིན་ཤས་གོང་དུ་ངས་གྲོགས་པོ་ཞིག་ལ་སྙུག་གྲོགས་སྒྲིག་རྒྱུ་ནི་འབྲི་རྩལ་ཡར་རྒྱས་དང་གོང་འཕེལ་གཏོང་བའི་ཐབས་ལམ་ཡག་ཤོས་ཤིག་ཡིན་པ་དང་ངས་སྙུག་གྲོགས་ཤིག་བསྒྲིག་འདོད་ཀྱང་འཚམ་པོ་ཞིག་མི་རྙེད་པའི་སྐོར་བརྗོད་ཚེ། ཁོས་དེང་སང་ཆང་ས་དྲ་བའི་ཐོག་ཏུ་སྙུག་གྲོགས་སྒྲིག་ས་ཡག་པོ་ཞིག་ཡོད་རབས་གསུངས་བྱུང་བས། དེ་རིང་ངས་རང་གི་འཆང་བཟུང་རྩིས་འཕྲུལ་ (iPad) ཡི་སྒོ་ཕྱེས་ནས་ཆང་ས་དྲ་བར་བལྟས།

རྩོམ་འཕྲོ་ཀློགས།


དང་པོར་ཆང་ས་དྲ་བའི་ལས་འཛིན་པ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ངའི་མིང་ལ་རིན་ཆེན་གདུགས་དཀར་ཟེར། ཕ་ཡུལ་ཨ་མདོ་མཚོ་སྔོན་ཁྲི་ཀ་ནས་ཡིན་ལ་ད་ལྟ་ཧྲང་ཧེ་ ༼Shanghai༽ ན་ཡོད་པའི་བོད་རིགས་སློབ་ཕྲུག་ཅིག་ཡིན། ལོ་ཉེར་གཅིག ཆང་ས་དྲ་བ་འདི་བརྒྱུད་ནས་སློབ་སྦྱོང་ཕྱོགས་ནས་རོགས་ཐོབ་པའི་གྲོགས་པོ་ཞིག་འཚོལ་འདོད།

རྩོམ་འཕྲོ་ཀློགས།


ངས་འདི་ལྟར་ཟིན་བྲིས་ཤིག་འགོ་འཛུགས་ཁུལ་བྱས་པ་ཡིན། སྤྱིར་ངས་འདས་མ་ད་གསུམ་གྱི་མི་ཚེ་ཐུང་ཐུང་འདིའི་ནང་ཟིན་བྲིས་ཤིག་བྲིས་པ་ནི་དེ་རིང་ཐོག་དང་པོ་དེ་ཡིན་པས། ངས་ཇི་ལྟར་འགོ་འཛུགས་དགོས་མིན་དང་མཇུག་བསྡོམས་བྱེད་དགོས་མིན་སོགས་གསལ་བོ་ཞིག་ཤེས་ཀྱི་མི་འདུག འོན་ཀྱང་རང་གི་ཤེས་འཇོན་ནུས་པ་ཆུང་ན་ཡང་རྣམ་དཔྱོད་ཀྱི་ནུས་ཤུགས་གང་ཡོད་བཏོན་ནས་རང་ཉིད་ཀྱི་ཚོར་སྣང་རྣམས་ཉིན་ཐོའི་ཚུལ་དུ་འབྲི་འདོད་ཀྱི་མདུན་པ་ངང་གིས་འཁྱིལ་བྱུང་།

རྩོམ་འཕྲོ་ཀློགས།


ངའི་དངོས་མིང་ལ་བསམ་གཏན་སྒྲོལ་མ་དང་སྙུག་མིང་ལ་དཔོན་པོའི་ཞི་མོ་ཟེར། སྐྱེས་ཡུལ་རྫ་ཆུ་ཁ་དཔོན་པོ་ནས་ཡིན་ལ་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བ་ཡིན། དེ་ནས་ངས་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནས་སློབ་སྦྱོང་བྱེད་མགོ་བརྩམས་པའང་ཡིན། ང་བོད་ནང་ཡོད་སྐབས་ང་ནི་འབྲོག་ཁུལ་ནས་འཚར་ལོངས་བྱུང་བའི་འབྲོག་མོ་ངོ་མ་ཞིག་ཡིན་ལ། ངས་འཛམ་གླིང་འདིའི་སྐོར་ནས་གང་ཡང་ཤེས་ཀྱི་མེད།

རྩོམ་འཕྲོ་ཀློགས།


གུས་མོའི་མིང་ལ་དགེ་འདུན་མཚོ་དང་སྨྱུག་མིང་ལ་མཚོ་ཆུང་ཟེར། ད་ལྟ་་སུ་ཇཱ་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད། འཛིན་རིམ་བཅུ་གཅིག་ཡིན།
ངས་བོད་ཡིག་གི་ལམ་ནས་སྨྱུག་གྲོགས་ཤིག་བསྒྲིག་འདོད་བྱུང་། དམིགས་ཡུལ་གཙོ་བོ་ནི་རང་མི་རིགས་ཀྱི་སྐད་ཡིག་འདི་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་ཆེད་དུ་ཡིན་པ་མ་ཟད།
བསམ་བློ་བརྗེ་རེས་དང་འབྲི་རྩལ་ཡར་རྒྱས་གཏོང་བའི་ཆེད་དུའང་ཡིན།
དགའ་ཕྱོགས་སྙན་ངག་དང་རྩོམ་རིགས་སོགས་ཡིན།

རྩོམ་འཕྲོ་ཀློགས།


བརྩེ་བའི་ཀློག་མཁན་རྣམ་པ་ལགས། ཕྲན་གྱི་མིང་ལ་རྩེ་བཟང་བོ་ཟེར་ཞིང་ད་ལྟ་རྒྱ་གར་བྱང་ཕྱོགས་ངྷ་སར་གནས་སྡོད་བྱེད་ཀྱིན་ཡོད། ཕྲན་གྱི་དགའ་ཕྱོགས་ནི་སྙན་ངག་དང་རྩོམ་རིགས་ཀྱི་དཔེ་དེབ་སྣ་ཚོགས་ཀློག་རྒྱུ་དང་ཞོར་ནས་རྩོམ་ཡིག་འབྲི་སྦྱོང་བྱ་རྒྱུ་དེ་ཡིན། དེ་བཞིན་ཕྲན་ལག་རྩེད་སྤོ་ལོ་རྩེད་རྒྱུར་ཡང་ཧ་ཅང་དགའ་བའི་མི་ཞིག་ཡིན་ལ། སྐབས་རེར་ལག་རྩེད་སྤོ་ལོ་བརྩེས་ཏེ་ཟ་མ་ཟ་རྒྱུ་ཡང་བརྗེད་འགྲོ་བའི་མི་ཞིག་ཀྱང་ཡིན། ཧཧཧཧ

རྩོམ་འཕྲོ་ཀློགས།


བཀུར་འོས་པའི་ཀློག་མཁན་རྣམ་པ་ལགས། ཆང་ས་དྲ་བ་ཤར་གཏོང་བྱས་ཏེ་ལོ་གཅིག་འཁོར་བའི་སྐབས་འདིར་ང་ཚོས་ཆང་ས་དྲ་ངོས་འདིར་སྙུག་གྲོགས་ར་བ་ཞེས་པའི་ལེ་ཚན་ཞིག་གསར་དུ་བསྣན་ཡོད་ལ། དེ་ནི་བོད་རིགས་གཞོན་སྐྱེས་ཕོ་མོ་རྣམས་ཀྱིས་ཕན་ཚུན་ལ་ཡིག་འབྲེལ་གྱི་ལམ་ནས་རང་རང་གི་དམིགས་ཡུལ་གླེང་བ་དང་སློབ་སྦྱོང་ཐོག་རོགས་འདེགས། བསམ་བློ་བརྗེ་རེས་བྱེད་སའི་སྟེགས་བུ་ཞིག་གོ་སྒྲིག་བྱས་པ་ཡིན་ལ། སྐབས་སྐབས་སུ་སྙུག་གྲོགས་ཕན་ཚུན་བར་བསྐུར་བའི་འཕྲིན་ལེགས་པོ་རྩོམ་ཡིག་གི་རང་བཞིན་ཅན་ཡིན་ཚེ། ངེད་དྲ་བར་བསྐུར་ན་དྲ་ངོས་སུ་འགོད་རྒྱུ་ཡིན།

རྩོམ་འཕྲོ་ཀློགས།


དགའ་ཕྱོགས་ནི་རྩོམ་ཡིག་འབྲི་སྦྱོང་བྱ་རྒྱུ་དེ་ཡིན། ངས་ཆང་ས་དྲ་བ་ཚང་གི་སྙུག་གྲོགས་ར་བ་འདི་བརྒྱུད་དེ་སྙུག་གྲོགས་ཤིག་འཚོལ་གྱིན་ཡོད། དམིགས་ཡུལ་ནི་རང་ཉིད་ཀྱི་འབྲི་རྩལ་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་ཕྱིར་རོ། །

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up