2016/12/01ཉིན་སྤེལ། 15356795_1319043131471165_2037945526_n-1 ཁོས་ཧ་ཅང་ཐལ་དྲགས་པའི་འདེམས་ཁ་འདི་བྱས་ནས་རང་ཉིད་ལོ་བཅོ་ལྔ་ལ་སླེབས་པའི་ཚེ་སྲོག་དེ་མཇུག་སྒྲིལ་དགོས་དོན་ཡང་སྙིང་སློབ་བུ་དེ་ལ་གདུག་རྩུབ་ཆེ་བའི་རྒྱུ་མཚན་ཅི་ཞིག་འཕྲད་ཡོད་ཟེར་ན། སློབ་མ་ཐའོ་ཁྲིན་ཕིང་(陶成鹏)༢༠༠༡ ལོ་ཟླ ༥ ནང་སྐྱེས་པ་དང་། ད་ལོ་བགྲང་བྱ་བཅོ་ལྔ་ལ་སླེབས་ནས་མཚོ་སྔོན་ཞིང་ཆེན་སློབ་འབྲིང་ཞིག་གི་སློབ་མ་རེད་འདུག ད་ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཞོགས་པར་ཁོས་རང་ཁྱིམ་དུ་ཞིང་སྨན་དུག་ཆེན་(黑光灯)ཤེལ་དམ་གང་བཏུང་ནས་རང་ཤི་བརྒྱབ་ཡོད་པ་རེད། གནས་ཚུལ་དེ་ནང་མིས་ཤེས་ནས་མགྱོགས་མྱུར་ངང་སློབ་གྲྭའི་ཉེ་འགྲམ་གྱི་མི་དམངས་སྨན་ཁང་ཞིག་ལ་བསྐྱལ་འདུག་ཀྱང་། མྱུར་སྐྱོབ་མ་ཐུབ་པར་ལོ་ཆུང་བྱིས་པ་དེའི་ཚེ་སྲོག་དེ་ལྟར་རྫོགས།

རྩོམ་འཕྲོ་ཀློགས།


སྐུ་ན་གཞོན་པའི་རྒྱལ་པོ་ཡཱ་སིན་ཁྱིམ་མཚེའི་རྒྱལ་ཁབ་ཀྱི་འཇབ་དམག་གིས་འཇུ་བཟུང་བྱས། ཡཱ་སིན་གྱི་ལང་ཚོ་དང་སྤྲོ་སྣང་གིས་རྒྱལ་ཁབ་དེའི་རྒྱལ་པོའི་ཡིད་སེམས་ཅིག་ཅར་དུ་ཕྲོགས། དེ་བས་ཁོ་ལ་སྲོག་ཁྲིམས་མ་བཏང་ཐོག འདྲི་དོན་དཀའ་མོ་ཁག་པོ་ཞིག་ལ་ལན་ཐེབས་ན། རྒྱལ་པོ་གང་དེས་ཡཱ་སིན་ལ་རང་དབང་སྟེར་བར་ཞལ་བཞེས་གནང་། དེ་བཞིན་ཡཱ་སིན་ལ་ལོ་གཅིག་རིང་བསམ་བློ་གཏོང་བའི་དུས་ཚོད་བྱིན། གལ་ཏེ་ལོ་ཧྲིལ་པོ་དེའི་ནང་དྲི་བ་དེར་ད་དུང་ལན་མ་ཐེབས་པ་ཡིན་ན། ཡཱ་སིན་སྲོག་ཐོག་གཏོང་རྒྱུ་རེད། དྲི་བ་ནི། བུད་མེད་ལ་དོན་ངོ་མར་ཅི་ཞིག་མཁོ་བ་རེད་ཅེས་པ་དེ་རེད།

རྩོམ་འཕྲོ་ཀློགས།


(མ་རྩོམ་དུ་མི་སྣ་རྣམས་ཀྱི་མིང་ཆ་ཚང་བ་བྲིས་འདུག་ཀྱང། འགྱུར་དུ་དེ་ལྟར་བྲིས་ན་ཡིག་ཚོགས་ཆེ་བ་དང་ཀློག་མི་བདེ་བས་མི་སྣའི་མིང་དང་པོ་རྣམས་མ་གཏོགས་བྲིས་མེད། མི་སྣ་གཙོ་བོ (Michael Landy) གྱི་མིང་བརྗོད་དོན་ཚན་པར་སོ་སོ་རུ་མིང་དང་པོའམ་ཡང་ན་གཉིས་པ་བྲིས་འདུག་པས། དེ་ཡང་ཀློག་བདེ་ཆེད་འགྱུར་དུ་མིང་དང་པོ་མ་ཁལ་ཞེས་བྲིས་ཡོད། སྒྱུར་བ་པོ་རིན་ཆེན་དབང་རྒྱལ་གྱིས།)

ནང་དོན་མདོར་བསྡུས། མ་ཁལ་ལན་ཊིས་ཉེ་ཆར་བྷེ་སེལ་རུ་སྒྱུ་རྩལ་གསར་པ་ཞིག་བཤམ་སྟོན་བྱེད་ཀྱི་ཡོད་པ་དང་། ཁོང་ནི་ ༢༠༠༡ ལོར་རང་གི་བཅའ་དངོས་ཡོད་ཏོ་ཅོག་སྒྱུ་རྩལ་གྱི་རྣམ་པའི་ཐོག་གཏོར་བཅོམ་བྱས་པའི་སྙན་གྲགས་ཅན་གྱི་སྒྱུ་རྩལ་བ་ཡིན། ཨ་ལ་སི་ཊར་སོ་ཀིས (Alastair Sooke) ཁོང་དང་ཐུག་འཕྲད་ཀྱིས་གླེང་མོལ་བྱས་ཡོད།

རྩོམ་འཕྲོ་ཀློགས།


ཐོག་མར”མི་ལྷག”ཅེས་པའི་ཐ་སྙད་འདིར་གོ་བ་སྟབས་བདེ་ཞིག་བླངས་ན། “མི་ལྷག”ཅེས་པ་ནི་གོ་ཆོད་མེད་པའི་མི་ལྷག་མའམ་ཟུར་པ་ཞེས་པའི་དོན་ལ་གོ་དགོས་ཤིང་འདི་ནི་རང་རེས་གསར་དུ་སྤྱོད་ཀྱིན་པའི་ཐ་སྙད་གཅིག་ཆགས་བཞིན་འདུག

རྩོམ་འཕྲོ་ཀློགས།


བརྩམས་སྒྲུང་མཁན་པོRལགས་ཉིན་འགའི་སྔོན་ལ་ཕྱིའི་རི་ཁུལ་ཅིག་ཏུ་སོང་ནས་ཁམས་གཡེང་བྱས་ལ། ཞོགས་པ་སྔ་མོར་ཁོང་ཝེ་ཡེ་ན་རུ་འབྱོར། ཁོང་གིས་རླངས་འཁོར་འབབ་ཚིགས་སུ་ཚགས་ཤོག་ཅིག་ཉོས་ཏེ་བལྟས་ཤིང་། བལྟས་ཀྱིན་འདབས་ཀྱི་ཟླ་ཚེས་མཐོང་སྐབས་ཉིན་དེ་ནི་རང་གི་སྐྱེས་སྐར་ཡིན་པ་གཞི་ནས་ཚོར། “ད་ནི་རང་ལོ་ཞེ་གཅིག་རེད”སྙམ་པའི་ཚོར་བ་དེ་ཡལ་རྗེས། ཁོང་ལ་སྐྱོ་བ་མེད་ལ་དགའ་བའང་མེད་པར་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་དེ་ཁྱིམ་དུ་ལོག ལམ་བར་དུ་ཁོང་གིས་ཚགས་ཤོག་ལ་ལྟ་བཞིན་ཁྱིམ་ལ་སླེབས་པ་ན། ཁོང་གི་གཡོག་པོས་བཤད་རྒྱུར། བདག་པོ་ཕྱི་ལ་སོང་ཤུལ་ནས་མི་མང་པོ་ཞིག་མཇལ་འཕྲད་དུ་ཐོན་ལ། ཁ་པར་དུ་སྐད་ཀྱང་བཞག་འདུག་ཟེར། འཕྲིན་པ་མང་པོ་ཞིག་ཀྱང་དེ་རུ་འབྱོར་ཡོད།

རྩོམ་འཕྲོ་ཀློགས།


སྤྱི་ཚོགས་གླེང་བར་བྱེད་དུས། ང་ཚོས་ཏག་ཏག་དབྱིབས་སུ་གཏོགས་པའི་ཟླུམ་པོ་གྲུབ་ཚུལ་དང་ཐག་རིང་དུ་འཐེན་པའི་མེ་འཁོར་གྱི་ལྕགས་ལམ་སོགས་ཅིས་ཀྱང་དཔེ་རུ་དྲངས་ཏེ་བཤད་དགོས་འདུག དཔེར་ན་དབྱིབས་ཟླུམ་པོ་ཞིག་གྲུབ་པ་ངེས་ལ་ངེས་པར་དུ་ཚ་ལུ་མ་སོ་སོར་བགོས་པ་ལྟར་ཆ་ཤས་ཆ་ཤས་བྱས་ནས་ད་གཟོད་སྤོ་ལོ་ལྟ་བུའི་གཟར་ངོས་སུ་སྡོད་མི་ཚུགས་པའི་ཟླུམ་པོ་དེ་གྲུབ་པ་རེད། དེ་བཞིན། མེ་འཁོར་ཀྱི་ལྕགས་ལམ་ཞིག་འགྲུབ་པ་ལའང་མཛེར་མ་གཅིག་གམ་གཉིས་བྱས་ཁ་གྲངས་ངེས་ཅན་ཞིག་ལོན་དུས་གཟོད་བགྲོད་ལམ་རིང་མོ་དེ་བྱུང་བ་རེད། དེས་ན་ང་ཚོ་སྟེ་མིའི་སྤྱི་ཚོགས་ཆེན་པོ་དེ་ཡང་དེ་ལྟར་གྲུབ་པ་རེད། དེ་གྲུབ་པ་ལ་ཡང་དང་པོ་མི་སྒེར་བ་གཅིག་གྲུབ་དེ་ནས་དེ་དང་འགྲོགས་པའི་ཁྱིམ་ཚང་གཅིག དེའི་རྒྱབ་ཏུ་ཁྱིམ་ཚང་དང་འབྲེལ་བའི་རུས་རྒྱུད་གཅིག དེ་ལས་རིམ་བཞིན་མི་རིགས་གྲུབ།

རྩོམ་འཕྲོ་ཀློགས།


image “འུ་ཐུག་པའི་བོད་མི”ཞེས་པའི་རྩོམ་བྱང་འདི་བརྗེད་ཐོར་བཏབ་ནས་ཉིན་འགའ་འདས་སོང་། སྤྱིར་ན་རྩོམ་ཡིག་འདིས་སྤྱི་ཁོག་ཙམ་ཞིག་སྔོན་ནས་བློས་བསླངས་ཡོད་མོད། རང་ཉིད་ལེ་ལོའི་དབང་དུ་ཤོར་དྲགས་པས་ད་བར་དུ་ལུས་སོང་། རྩོམ་ཡིག་འདིས་ཁ་བྱང་ནི་ཕལ་བའི་ནང་གི་ཕལ་བ་ཞིག་ཡིན་པར་མ་ཟད། ནང་དོན་ཡང་ཕལ་བ་ཞིག་ཡིན། དེ་བས་འདི་ལ་འགུགས་ཤུགས་སོགས་ཅི་ཡང་ཡོད་མི་སྲིད། ཡིན་ནའང་། རྩོམ་ཡིག་འདི་ནི་ཟླ་འགའི་དུས་ཚོད་ནང་གི་ཁོ་བོའི་མྱོང་བ་དངོས་ཡིན་ནོ།།

རྩོམ་འཕྲོ་ཀློགས།


basketballཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ང་ཚོ་གྲོགས་པོ་སྐོར་ཞིག་ཡོད། ང་ཚོ་རྒྱུན་དུ་རེས་གཟའ་ཉི་མ་ནམ་ཡིན་དང་ཁོམ་སྐབས་ནམ་ཡོད་ལ་མཉམ་དུ་འཛོམས་ནས་ལག་རྩེད་སྤོ་ལོ་རྩེད་ཀྱིན་ཡོད། ཉེ་ལམ་ཞིག་ནས་ང་ཚོར་ལག་རྩེད་སྤོ་ལོ་དང་འབྲེལ་བའི་ཐ་སྙད་སྐོར་ཞིག་གི་ཐོག་དཀའ་ངལ་འཕྲད། དེ་ཡང་བོད་རང་ལ་ལག་རྩེད་སྤོ་ལོ་དང་འབྲེལ་བའི་ཐ་སྙད་ཀྱིས་འདང་གི་མེད་སྟབས་ཡིན། དེར་བརྟེན། ང་ཚོ་ཐུན་མོང་གི་འབད་བརྩོན་འོག་དེ་རིང་ཐ་སྙད་སྐོར་ཞིག་བོད་སྒྱུར་བྱས་ཡོད།
འདི་ནི་ང་ཚོའི་གོམ་པ་དང་པོ་དེ་ཡིན། ང་ཚོས་ད་དུང་མུ་མཐུད་དེ་ཐ་སྙད་མང་དག་ཅིག་བསྒྱུར་རྩིས་ཡོད། ཡིན་ནའང་། འདིར་འཁོད་པའི་ཐ་སྙད་འདི་དག་ཚོད་ལྟའི་ཚུལ་དུ་བསྒྱུར་བ་མ་གཏོགས་ད་དུང་གཏན་འབེབས་དང་བཀོལ་སྤྱོད་བྱེད་ཆོག་པ་དེ་འདྲ་མིན། དེར་བརྟེན། ང་ཚོས་བོད་ཕྱི་ནང་གི་ཤེས་ལྡན་མི་སྣ་དང་དྲ་གྲོགས་རྣམས་ཀྱིས་ཐ་སྙད་འདི་དག་གི་ཐད་དུ་ཕྱག་རོགས་གནང་རྒྱུར་འབོད་སྐུལ་ཞུ་གིན་ཡོད། བཀའ་དྲིན་ཆེ།

རྩོམ་འཕྲོ་ཀློགས།


སྤྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༢ ཉིན། མར་གྷེ་རེ་ཊི་ ཨ་ལེན་(Margaret Allen) བུ་ཕྲུག་ ༡༤ ཡོད་པར་མ་ཟད། དགུ་གཉེན་སྒྲིག་བྱས་ཟིན་ཡོད་ཀྱང་མོ་ལ་ཚ་བོ་དང་ཡང་ཚ་སྐྱེ་སྤེལ་མི་བྱེད་པས། མོས་རང་ཉིད་ལ་སླར་ཡང་བྱིས་པ་ཞིག་ཡོད་ན་འདོད།

རྩོམ་འཕྲོ་ཀློགས།


unnamed-2-3 ཕྱི་ལོ་ ༢༠༠༡ ཟླ་ ༦ པའི་བདུན་ཕྲག་དང་པོའི་ནང་ང་ཨ་རིར་འབྱོར་སོང་། ང་ལ་མཚོན་ན་ས་ཨ་རི་ནི་དམ་བཅའ་དང་གོ་སྐབས་ཤིག་ཡིན། གཞིས་སྤོ་བའི་འགུལ་སྐྱོད་ཁྲོད་རང་ཉིད་རྒྱལ་ཁབ་གསར་པ་ཞིག་གི་ནང་སླེབས་པར་འགྱུར་རོ་སྙམ་དུ་དགའ་ཚོར་བརྟས། འོན་ཀྱང་ཁྱད་མཚར་ངང་རྒྱུས་མངའ་ཡོད་པའི་གློག་བརྙན་དང་བརྙན་འཕྲིན་གྱི་ནང་ལྟར་གྱུར་སོང་།

ང་འབྱོར་སའི་ཚོགས་ཁང་ནང་དུ་ངས་རང་ཉིད་ཀྱི་མིང་གིས་འབོད་པ་གོ་བ་དང་མིག་གིས་བལྟས་དུས། ངའི་འདྲ་པར་ངོ་རྟགས་སུ་བཟུང་པའི་སྐྱེས་པ་ཞིག་མཐོང་བྱུང་། ཁོས་ང་ལ་དོ་ཁུར་ཧ་ཅང་ཆེ་ཆེར་བྱས། ཨིན་ཌོ་ཎི་ཤཱི་ཡཱ་(Indonesia) ནང་གི་གསར་འཇུག་ངོ་ཚབ་ལས་ཁང་(recruitment agent) དུ་ང་ལ་ནང་ཤ་མཐོང་བའི་ལྟོད་ཐུང་ཕྱེད་ཀ་མ་སོགས་བསྐྱོན་ཅིང་། དྲོད་འཇམ་དང་འཛུམ་མདངས་བསྟན། ཁོའི་མིང་ལ་ཇཱོའོ་ནཱི་(Johnny) ཟེར་ཞིང་། ངས་ནི་ཁོང་གིས་ང་རང་ལས་ཀ་བྱེད་ཡུལ་གྱི་མགྲོན་ཁང་དུ་སྣེ་འཁྲིད་གནང་རྒྱུ་ཡིན་པའིརེ་བ་བཅངས།

རྩོམ་འཕྲོ་ཀློགས།


འབྲེལ་གཏུག།

ཁྱེད་ལ་བཤད་འདོད་པའི་གཏམ་གང་འདྲ་ཞིག་ཡོད་རུང་འདི་རུ་ཤོད་དང་ཆོག

འབྲེལ་བྱང་།
ཆང་ས་དྲ་བའི་རྩོམ་གསར་དེབ་སྐྱེལ།

འདིར་ཐོ་འགོད་བྱས་ཚེས་སྐུ་ཉིད་ལ་ཉིན་རེའི་ཆང་ས་དྲ་བའི་རྩོམ་གསར་དག་ཁྱེད་ཀྱི་ཡིག་ཟམ་ནང་བསྐུར་ངེས།

×
 
×
ཁྱེད་ཀྱི་རྒྱས་འགྲེལ་བརྗེད་སོང་ངམ།
×

Go up